རྒྱལ་སྤྱིའི་ཨ་མའི་ཉིན་མོ་སྲུང་བརྩི།
དེ་བཞིན་བུད་མེད་ལྷན་ཚོགས་ཀྱི་ངོས་ནས་འབྲེལ་ཡོད་བྱས་རྗེས་ཆེ་བའི་བུད་མེད་ཁག་ཅིག་ལ་གཟེངས་རྟགས་གནང་ཡོད་པ་དང། དེ་དང་འབྲེལ་ནས་གསལ་བསྒྲགས་ཡིག་ཆ་ཞིག་འགྲེམས་སྤེལ་གནང་བའི་ནང། ཨ་མ་ནི་ནང་གི་ནོར་བུ་ཡིན། ཨ་ཕ་ནི་ཕྱིའི་ལྕགས་རི་ཡིན་ཞེས་བརྗོད་སྲོལ་ཡོད་ནའང། མི་ལོ་བཅུ་ཕྲག་ནང་བོད་ཀྱི་བུད་མེད་ཚོས་ཁྱིམ་ཚང་ཙམ་མིན་པ་ཕྱིའི་བྱ་བཞག་ལའང་ཆ་ཤས་གང་མང་བླངས་ཡོད་པ་ དེ་དག་ལ་གདེངས་འཇོག་ཀྱང་ཐོབ་ཡོད། བོད་ཀྱི་བུད་མེད་ཚོ་དམྱལ་ཁམས་འོག་ནས་འོད་སྣང་གི་ཁྲོད་དུ་བསྐྱོད་ཐུབ་ཡོད་ལ། འགྱུར་ལྡོག་གི་ལམ་བུར་སྙེག་དོན་དུ་སྐུ་ལས་མང་དག་བསྐྱོན་ཡོད། བོད་ལ་རྒྱ་དམར་གྱིས་བཙན་འཛུལ་བྱས་པ་ནས་བཟུང་རང་ཉིད་ལ་གང་ཡོད་བོར་བརླག་ཏུ་ཤོར་ཡོད་པ་དང། མི་ལོ་མང་པོའི་རིང་བཙོན་འཇུག་གི་ཉེས་པ་ཕོག་པ་བཅས་ལ་མ་ལྟོས་པར། ཞི་བདེ་བག་ཕེབས་ཀྱི་སྤྱི་ཚོགས་ཤིག་བསྐྲུན་ཐུབ་ཡོད་ཅེས་སོགས་འཁོད་ཡོད་པ་རེད།