དབུས་ཆུ་སྒང་གིས་བདུན་ཚིགས་བཞི་པ་སྲུང་བརྩི།

lambསྨོན་ལམ་གྱི་ཚོགས་མགོན་དུ་སྒྲུབ་བརྒྱུད་བསྟན་པའི་སྲོག་ཤིང་༸དཔལ་རྒྱལ་བ་ཀརྨ་པ་མཆོག་ཆེད་ཕེབས་གནང་བ་མ་ཟད། བཙན་བྱོལ་བོད་གཞུང་གི་མཛད་གཙོ་རྣམ་པ་དང། མདོ་ཁམས་ཆུ་བཞི་སྒང་དྲུག་གི་ཚོགས་གཙོ་དང་ཚོགས་མིས་གཙོས་སེར་སྐྱ་མིང་བརྒྱ་ཕྲག་འདུ་འཛོམས་ཀྱིས་བསྔོ་སྨོན་མཆོད་འབུལ་གནང་སོང། ཆུ་བཞི་སྒང་དྲུག་གི་ཚོགས་གཙོ་དགེ་བཤེས་གཡུང་དྲུང་རྒྱལ་མཚན་ལགས་ཀྱིས་ཆུ་སྒང་གིས་ས་ཡོམ་གྱི་གོད་ཆག་བྱུང་བའི་ཡུལ་ཤུལ་མི་མང་ཆེད་ས་གནས་གང་ས་ནས་ཞལ་འདེབས་བསྡུས་པ་དང། བསྔོ་སྨོན་མཆོད་གནང་བའི་ལས་བསྡོམས་སྙན་སྒྲོན་གནང་སོང། གཞན་ཡང་དེར་འདུས་པའི་སྐྱབས་གནས་དགེ་འདུན་གྱི་སྡེ་ལ་ཧིན་སྒོར་བརྒྱ་རེ་སྨོན་ལམ་གྱི་སྐུ་འགྱེད་དུ་ཕུལ་བ་དང། དེར་ཡོད་མི་མང་ཡོངས་ལ་ཇ་དང་བག་ལེབ་འགྱེད་ནས་ས་ཡོམ་གྱི་གནོད་སྐྱོན་བྱུང་བའི་འདས་གསོན་རྣམས་ཀྱི་དགེ་རྩ་རྒྱ་ཆེན་བསྒྲུབས་ཡོད་པ་རེད།།