མི་མང་བརྒྱ་ལྷག་གི་ཚེ་སྲོག་ཤོར་འདུག

ཟླ་འདིའི་ཚེས་༡༠ ཉིན་བྷི་བྷི་སིའི་གསར་འགོད་པས་ཨི་རག་གི་རྒྱལ་ས་བྷག་ཌཱ་ཁྲི་ནས་གནས་ཚུལ་སྤེལ་བ་ལྟར་ན། ཨ་རི་གཞུང་དང་འབྲེལ་ཡོད་ཡུ་རོབ་ཀྱི་སྟོབས་ཆེན་རྒྱལ་ཁབ་ཚོས། སྔོན་དུས་ཨི་རག་གི་བཀས་བཀོད་རྒྱུད་འཛིན་ལམ་ལུགས་ཀྱི་སྲིད་འཛིན་སྲོག་ཐོག་བཏང་བ་དང།  aptopix_iraq_violence_john-1_t607སྲིད་གཞུང་མགོ་རྟིང་སློག་པ་སོགས་བྱས་ཏེ་ཨི་རག་གཞུང་མང་གཙོར་བསྒྱུར་ཐབས་སུ། མི་རྒྱུ་གཉིས་ཀྱི་འགྲོ་སོང་ཕོན་ཆེན་བཏང་ནས། ཡུལ་དེའི་སྲིད་འཛིན་མི་མང་གིས་འོས་འདེམས་བྱས་ནས་མང་གཙོའི་ལམ་ལུགས་ཀྱི་ངོ་བོའི་ཐོག་ནས་འགྲོ་བཞིན་ཡོད་ཀྱང་། དེང་སྐབས་ཁ་ཆེའི་འཇིགས་སྐུལ་རིང་ལུགས་པ་ཚོས། དུས་ནས་དུས་སུ་འབར་རྫས་གས་གཏོར་བཏང་ནས་མི་མང་དཀྱུས་མ་མང་པོ་ཞིག་རྐྱེན་ལམ་དུ་འགྲོ་བཞིན་ཡོད་འདུག
དེ་ཡང་ཟླ་འདིའི་ཚེས་༡༠ ཉིན་ཨི་རག་གི་རྒྱལ་ས་བྷག་ཌཱ་ཁྲི་འགྲུལ་སྐྱེལ་རླངས་འཁོར་གཉིས་ནང་། ནུས་ལྡན་གྱི་འབར་རྫས་ཁྱེར་ནས་བཟོ་གྲྭ་ཆེན་པོ་ཞིག་གི་ནང་འཛུལ་ཐབས་བྱས་པ་དང། བཟོ་པ་ཚོ་ཕར་ཚུར་འགྲོ་བསྐྱོད་ཀྱི་སྐབས་དང་ཁེལ་ནས། འབར་རྫས་གས་འཐོར་སྐབས་མི་༡༠༠ ལྷག་ཙམ་རྐྱེན་ལམ་བཏང་ཡོད་པ་དང། ༣༥༠ ཙམ་ལ་རྨས་སྐྱོན་ཚབས་ཆེན་ཕོག་ཡོད་འདུག དེ་དང་འབྲེལ་ནས་མི་མང་ཁྲོད་མེ་མདའ་གང་བྱུང་བརྒྱབ་ཡོད་པ་དང། ས་གནས་གཞན་ཁག་ཏུའང་དུས་གཅིག་ནས་འབར་རྫས་གས་འཐོར་བྱུང་ཡོད་པ་རེད།

འབར་རྫས་གས་འཐོར་འོག་ནས་ཐར་བའི་མི་ཞིག་གིས་གསར་འགོད་པར། “གློ་བུར་དུ་འབར་རྫས་ཁག་འགའ་འཐོར་ནས་ཡུན་རིང་མ་སོང་བར། མི་མང་པོ་བསད་འདུག་པ་དང་ལ་ལ་མེ་བསྲེག་ཐེབས་འདུག དེ་བཞིན་ཁ་ཤས་ཀྱིས་ངུ་འབོད་བྱེད་ཀྱི་འདུག་ལ། རྨས་མ་མང་པོ་ཞིག་གི་གཟུགས་པོ་ཡོངས་རྫོགས་ཁྲག་གིས་ཁེངས་འདུག ས་སྟེང་ནས་ལངས་མ་ཐུབ་པའི་མི་མང་པོས་སྲོག་སྐྱོབ་རོགས་ཟེར་ནས་སྐད་འབོད་བྱེད་ཀྱི་འདུག་”ཅེས་བརྗོད་ཡོད་པ་རེད།།
ཟླ་གྲངས་འགའི་སྔོན་དུ་ཨ་རི་དང་ད་ལྟའི་ཨི་རག་གི་སྲིད་གཞུང་གཉིས་ཀྱིས། འཇིགས་སྐུལ་རིང་ལུགས་པའི་དམག་དཔུང་རྣམས་གཏོར་ཕམ་བཏང་ཟིན་པའི་སྐོར་ཁྱབ་བྱས་ཡོད་རུང། ཟླ་བ་༤ པ་ཁོ་ནའི་ནང་ཨི་རག་མི་མང་༣༢༨ ཙམ་འབར་རྫས་གས་འཐོར་སོགས་ཀྱིས་རྐྱེན་ལམ་དུ་བཏང་ཡོད་པ་དང།  འབར་རྫས་གས་འཐོར་གྱི་ངན་ཇུས་དེ་ནི། ཏཱ་ལའི་བྷན་འཇིགས་སྐུལ་རིང་ལུགས་ཚོགས་པའི་འཆར་འགོད་འོག་ནས་བྱུང་ཡོད་པའི་ཁྱབ་བསྒྲགས་བྱས་ཡོད་པ་རེད།