སེར་བྱེས་སུ་བསྔོ་སྨོན་མཆོད་འབུལ།

མཁན་རིན་པོ་ཆེ་མཆོག་གིས་ཐེངས་འདིའི་རྐྱེན་ངན་འོག་ཤ་ཁྲག་གཅིག་པའི་སྤུན་ཟླ་མང་པོ་དང་རྒྱ་མི་རིགས། དེ་བཞིན་སྒོ་ཕྱུགས་སེམས་ཅན་མང་པོ་རྐྱེན་ལམ་དུ་སོང་བར་བདུན་ཚིགས་རེ་རེ་བཞིན་འགན་ཁུར་དང་སེམས་ཁུར་ཡོད་པའི་ཐོག་ནས་བསྔོ་སྨོན་བྱེད་ཀྱི་ཡོད་ཅེས་གསུངས་སོང་།

serje prayདེ་རྗེས་སེར་བྱེས་མཁན་རིན་པོ་ཆེ་མཆོག་གིས་ཡུལ་ཤུལ་ས་ཡོམ་འོག་རྐྱེན་ལམ་དུ་སོང་བ་དང་སྡུག་བསྔལ་མྱོང་བཞིན་པའི་སྤུན་ཟླ་ཚོར། བོད་ཕྱི་ནང་གི་རྩོམ་པ་པོ་ཚོས་མྱ་ངན་ཞུ་བའི་རྩོམ་ཡིག་དང་གཞས་ཚིག་ཁག་ཅིག་སེར་བྱེས་གྲྭ་འཇམ་དབྱངས་དང་ཨ་རིག་དགེ་མཐོང་རྣམ་གཉིས་ཀྱིས་ཕྱོགས་སྒྲིག་བྱས་པ་《མགོ་བོ་བཏུད་དེ་མྱ་ངན་ཞུ་》ཞེས་པའི་དཔེ་དེབ་དབུ་འབྱེད་གནང་སོང།

ཁྲིམས་བདག་དགེ་སྐོས་ཀྱིས་སེ་རའི་གྲྭ་རྒྱུན་དང་མཁས་པའི་ཡོང་ཁོངས་སོགས་ཕྱོོགས་མང་པོ་ནས་མདོ་ཁམས་ཁུལ་དེ་གལ་ཆེན་པོ་ཆགས་ཡོད། བདུན་ཚིགས་ཚང་མར་བསྔོ་སྨོན་བྱེད་ཀྱི་ཡིན། ད་ཐེངས་བོད་ཕྱི་ནང་གི་སྤུན་ཟླ་རྩོམ་པ་པོ་ཚོས་སེམས་ཚོར་དང་དོན་སྙིང་ལྡན་པའི་རྩོམ་ཡིག་བྲིས་པ་མང་པོ་ཡོད་པའི་ནང་ནས་འདིར་དེབ་ཅིག་བཟོས་འདུག་པར་ཡི་རངས་བྱེད་ཀྱི་ཡོད་ཅེས་གསུངས་སོང། སེར་བྱེས་ནས་ས་ཡོམ་དོན་རྐྱེན་འོག་ཚེ་འདས་༥༠༠ ལྷག་གི་མང་ཐོ་རྙེད་ཡོད་པ་གཙོར་བྱས་པའི་ཤི་གསོན་སེམས་ཅན་ཡོངས་ཀྱི་ཆེད་བདུན་ཚིགས་རེ་རེ་བཞིན་བསྔོ་སྨོན་འཚོག་རྒྱུ་ཡིན་པ་རེད་འདུག །  མེ་སོར་གསར་འགོད་པས།