རྟེན་རྙིང་ཁག་རྒྱ་ནག་ལ་དབོར་འདྲེན་བྱེད་འཆར།

རྒྱ་ནག་གིས་གཞུང་འབྲེལ་བརྒྱུད་ལམ་ཐོག་གནས་ཚུལ་སྤེལ་བ་ལྟར་ན། ཁང་པ་རྡིབ་སྐྱོན་བྱུང་བའི་འོག་ནས་རྙེད་སོན་བྱུང་བའི་རིག་དངོས་རྒྱ་ནག་གཞུང་གིས་ཉར་ཚགས་བྱས་ཡོད་ལུགས་དང། བཅའ་ལག་རྙིང་པ་དང། ལོ་ངོ་སྟོང་གི་ལོ་རྒྱུས་ཡོད་པའི་བཀའ་བསྟན་འགྱུར་སོགས་ཡོད་ཚུལ་འདུག བོད་མི་ཚོས་ས་ཡོམ་འོག་ནས་རྐྱེན་འདས་སོང་ནས་མི་ཚང་སྟོང་པ་ཆགས་པ་དང། རྨེས་སྐྱོན་ཚབས་ཆེན་བྱུང་ནས་ཁང་ཤུལ་དུ་བདག་པོ་རྒྱག་མ་ཐུབ་པ་སོགས་ཀྱི་ནང་གི་བཅའ་དངོས་རྙིང་པ་ཚོ་རྒྱ་ནག་གཞུང་གིས་བདག་པོ་བརྒྱབ་སྟེ། རྒྱ་ནག་ཏུ་དབོར་འདྲེན་བྱེད་རྒྱུར་ཉེན་ཁ་འདུག་ཅེས་སེམས་ཁྲལ་བྱེད་ཀྱི་ཡོད་འདུག

རྒྱ་ནག་གཞུང་གིས་ས་ཡོམ་བྱུང་ཡུལ་དུ་རོགས་སྐྱོར་ཚད་ལྡན་བྱེད་ཀྱི་ཡོད་སྐོར་གྱི་གནས་ཚུལ་ཁྱབ་བསྒྲགས་ཤུགས་ཆེན་བྱེད་ཀྱི་ཡོད་ནའང། མང་ཚོགས་ཀྱི་ལག་ཏུ་རོགས་དངུལ་ཆ་ཚང་འཕྲོད་ཀྱི་མེད་པ་མ་ཟད། ས་གནས་ཁུག་ཀྱོག་ཁག་ཅིག་ཏུ་གཞུང་གི་ལྟ་སྐྱོང་བྱེད་མཁན་མ་སླེབས་པ་དང། བོད་ཀྱི་དགོན་སྡེ་ཁག་གིས་རོགས་སྐྱོར་བྱེད་མཁན་ཕྱིར་ཕུད་བཏང་བ་སོགས་ཀྱིས་མི་མང་ལ་དཀའ་ངལ་ཆེན་པོ་འཕྲད་ཀྱི་ཡོད་པ་རེད།

དྭ་ཕྲུག་ཚོ་རྒྱ་ནག་ཏུ་འཁྲིད་རྒྱུའི་འཆར་གཞི་ཡོད་པར་བརྟེན། མ་འོངས་པར་ཁོང་ཚོའི་གནས་སྟངས་ག་འདྲ་ཆགས་ཀྱི་ཡིན་མིན་ལ་ཡང་སེམས་ཁྲལ་འཕར་མ་ཞིག་ཏུ་གྱུར་འདུག །