ཛ་དྲག་གི་རེ་སྐུལ་གསལ་བསྒྲགས།

ད་ལྟའི་ཆར་འདི་ག་ཅནྡི་གར་སྨན་ཁང་དུ་རང་རེའི་ཤ་ཁྲག་གཅིག་པའི་སྤུན་ཟླ་ཨ་མ་ཆུང་ལགས་ཕྱི་ནང་སྨན་གཏུགས་དང་རྒྱབ་རྟེན་ཞབས་རིམ་འཁོས་དཔག་ཇི་ལྟར་བསྒྲུབས་ཀྱང་ཕན་སྐྱེད་མེད་པར་མཁལ་མ་བེད་མེད་དུ་གྱུར་རྐྱེན་གྱིས་ད་ཆ་ཛ་དྲག་གི་གནས་སྟངས་མཚམས་སུ་སླེབས་ཡོད་པར་བརྟེན། སྨན་པས་ཀྱང་དལ་རྟེན་མི་ལུས་ཡུན་འཚོ་ཐུབ་ཆེད་མཁལ་ཚབ་ཅིག་འཛུགས་ཐབས་བྱ་དགོས་གལ་ནན་ལམ་སྟོན་བཀའ་སློབ་གནང་ཡང༌། ཁོང་ཉིད་ཀྱི་ཁྱིམ་ཚང་གནས་སྟངས་སྟེང་སྐབས་ཐོག་འགྲུབ་དཀའ་བར་རྒྱ་ཆེའི་རང་རིགས་གཏོང་ཕོད་ཅན་རྣམས་ནས་སྙིང་རྗེ་བྱམས་གཟིགས་དགོངས་ཡངས་གང་ཆེས་མཁལ་ཚབ་གཅིག་ཞལ་འདེབས་སུ་གནང་སྐྱོང་སྐྱབས་འཇུག་ཡོང་བའི་རེ་སྐུལ་གསོལ་འདེབས་སྙིང་ཐག་པ་ནས་ཞུ་རྒྱུ་བཅས། སངས་རྒྱས་སྨན་བླ་ནད་པའི་རོགས་ཚོགས་ནས་ཕྱི་ལོ་ ༢༠༡༠  ཟླ་ ༥ ཚེས་ ༡༠ ལ།

ཟུར་བརྗོད།
ནད་པའི་མིང༌།       ཨ་མ་ཆུང་ལགས།
རང་ལོ།              ༥༡
མཁལ་མ་གཏོང་ཕོད་ཅན།  ཁྲག་གི་སྡེ་ཚན།  B + ve     
འབྲེལ་གཏུགས་བྱ་ཡུལ་ཁ་བྱང༌།  
བློ་བཟང༌། སངས་རྒྱས་སྨན་བླ་ནད་པའི་རོགས་ཚོགས།
ཞལ་པར་ཨང༌། ༩༨༨༨༦༦༦༠༤༩