བཀའ་ཁྲིའི་འོས་མིར་དྲ་ལམ་ནས་འོས་འདེམས།
ཨང་དང་པོ་ཁྲིམས་ལུགས་མཁས་དབང་བློ་བཟང་སེང་གེ་ལ་འོས་གྲངས་༡༨༢༥ ཐོབ་ནས་འོས་གྲངས་སྤྱིའི་བརྒྱ་ཆ་༤༡།༩ ཟིན་ཡོད་པ་དང། གཉིས་པ་སྨན་པ་རྟའུ་བློ་བཟང་དཔལ་ལྡན་ལ་འོས་གྲངས་༡༢༧༣ ཐོབ་ནས་སྤྱིའི་བརྒྱ་ཆ་༢༩།༢ ཟིན་ཡོད་པ་རེད། གསུམ་པ་བཀའ་བློན་ཁྲི་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལ་འོས་གྲངས་༡༠༧༩ ཐོབ་ནས་སྤྱིའི་བརྒྱ་ཆ་༢༤།༧ དང། ཚོགས་གཞོན་རྒྱ་རི་སྒྲོལ་མ་འོས་གྲངས་༤༤ ཐོབ་ནས་སྤྱིའི་བརྒྱ་ཆ་༡ དེ་བཞིན་བཀའ་ཟུར་བློ་བཟང་སྙན་གྲགས་ལ་འོས་གྲངས་༣༣ སྐུའི་གཅུང་མོ་རྗེ་བཙུན་པདྨ་མཆོག་ལ་འོས་གྲངས་༡༣ བུད་མེད་ཚོགས་ཟུར་བྷི་ཚེ་རིང་ལ་འོས་གྲངས་༡༠ བཀའ་ཟུར་རིན་ཆེན་མཁའ་འགྲོ་ལ་འོས་གྲངས་༧ གངས་ལྷ་མོ་ལ་འོས་གྲངས་༦ བཀའ་བློན་ཐུབ་བསྟན་ལུང་རིགས་ལ་འོས་གྲངས་༥ བཀའ་བློན་བསྟན་པ་ཚེ་རིང་ལ་འོས་གྲངས་༥ སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་ལ་འོས་གྲངས་༥ སྐུ་སྒེར་དྲུང་ཆེ་རྔ་བ་ཚེ་རྒྱལ་ལ་འོས་གྲངས་༤ ཕུར་བུ་རྡོ་རྗེ་ལགས་སུ་འོས་གྲངས་༤ བཅས་ཐོབ་ཡོད་པ་རེད། ཞིབ་ཕྲའི་གནས་ཚུལ་གཤམ་གྱི་འབྲེལ་ཐག་འདི་http://www.kalontripa.org/en/en/poll.htmlཐོག་གཟིགས་རོགས་ཞུ་བཞིན་ཡོད།