གསེར་རྟ་རུ་རང་བཙན་སྐད་འབོད་བྱས་ནས་མི་གསུམ་འཇུས་པ།
ཕྱི་ཟླ་༥ ཚེས་༥ ཙམ་ལ་གསེར་རྟ་རྫོང་མཆོག་ཚང་རྒྱུ་ཚེར་མའི་འབྲོག་སྡེ་ནས་ཡིན་པ་རང་ལོ་༢༥ ཡས་མས་སུ་སོན་པ་མཆོག་ཚང་སྟག་ལུང་དགོན་པའི་གྲྭ་བསོད་ནམས་རྡོ་རྗེས་གསེར་རྟ་རྫོང་ཐོག་ཏུ་ལག་ཏུ་ནང་པའི་ཆོས་དར་ཐོགས་ནས་བོད་རང་བཙན་དགོས་པ་དང། ༧གོང་ས་མཆོག་བོད་དུ་ཆིབས་བསྒྱུར་དགོས་པའི་སྐད་འབོད་དང། ལག་བྲིས་ཡིག་ཆ་སྦྱར་གཏོར་བྱས་པར་བརྟེན་དེ་མ་ཐག་གསེར་རྟ་རྫོང་གི་ཉེན་རྟོག་པས་འཛིན་བཟུང་བྱས་འདུག
དེ་བཞིན་ཕྱི་ཟླ་༤ ཚེས་༦ ཉིན་མཆོག་ཚང་སྐྱ་ཡང་གྲོང་ནས་ཡིན་པ་མི་སྐྱ་ཚ་མཆོག་ཟེར་བ་ཞིག་གིས་གསེར་རྟ་རྫོང་ཐོག་ཏུ་ལག་ཏུ་བོད་ཀྱི་རྒྱལ་དར་ཐོགས་ནས། བོད་ལ་རང་བཙན་གཙང་མ་དགོས་པ་དང། ༧གོང་ས་མཆོག་བོད་དུ་ཆིབས་བསྒྱུར་དགོས་པའི་ཡིག་ཆ་པར་སྐྲུན་བྱས་པ་གང་མང་གཏོར་འགྲེམས་བྱེད་བཞིན་སྐད་འབོད་བྱས་ནས་ཁོང་ཡང་གསེར་རྟ་རྫོང་ཉེན་རྟོག་པས་འཛིན་བཟུང་བཀག་ཉར་བྱས་ཡོད་པ་རེད།
ཕྱི་ཟླ་༤ ཚེས་༢ ཉིན་གོང་གསལ་བཞིན་མཆོག་ཚང་རྒྱུ་ཚེར་མའི་སྡེ་བ་ནས་ཡིན་པ་ཕ་དགེ་འཕེལ་པིས་ཆུང་དང། མ་གཉེར་ལོ་གཉིས་ཀྱི་བུ་གཞི་ཆེན་འབུམ་རྩིག་དགོན་པའི་སྤྲུལ་སྐུ་རང་ལོ་༢༠ སོན་པ་རྣམ་རྒྱལ་གྱིས་ལག་ཏུ་ནང་བའི་ཆོས་དར་ཐོགས་ནས་གསེར་རྟ་རྫོང་ཐོག་ཏུ་བོད་རང་བཙན་གཙང་མ་དགོས། ༧རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་དགོས་ཞེས་སྐད་འབོད་དང་འབྲེལ་སྐད་འབོད་ཀྱི་ནང་དོན་བཞིན་ཡིག་ཐོག་ལ་ལག་བྲིས་བྱས་པ་གསེར་རྟ་རྫོང་གི་སྲང་ལམ་དུ་གཏོར་འགྲེམས་བྱས་ནས་ཁོང་ཡང་གསེར་རྟ་རྫོང་ཉེན་རྟོག་པས་འཛིན་བཟུང་བཙོན་འཇུག་བྱས་ཡོད་པ་རེད། ཁོང་གསུམ་ད་ལྟའི་ཆར་གསེར་རྟ་རྫོང་ཐོག་ཏུ་བཀག་ཉར་བྱས་ཡོད་ཀྱང་ཁྲིམས་ཐག་དཀར་མཛེས་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་ཟེར་བ་མ་གཏོགས་གཅོད་རྒྱུའི་དབང་ཚད་མེད་ཚུལ་འདུག།།