མེ་སྒྲོན་གྱིས་《བཀྲ་ཤིས་པའི་ཡུལ་ཤུལ》 ཞེས་པ་བསྐྱར་པར།
མུ་མཐུད་གནས་ཚུལ་བཀོད་དོན། མེ་སྒྲོན་ལགས་ནི་ད་ལྟ་མཚོ་སྔོན་ཞིང་ཆེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་གཙོ་ཡིན་ཞིང་། དེ་སྔོན་ཁོ་མོ་ཐེངས་མང་པོར་ཡུལ་ཤུལ་ལ་འགྲོ་མྱོང་བས། ཡུལ་ཤུལ་ནི་ཁོ་མོའི་ཕ་ཡུལ་གཉིས་པ་ལྟ་བུར་གྱུར་ཡོད་པ་རེད། ༤.༡༤ ཉིན་ཏེ་ཡུལ་ཤུལ་ལ་ས་ཡོམ་ཚབས་ཆེན་བྱུང་རྗེས་ཀྱི་ཉིན་གསུམ་པར། མེ་སྒྲོན་ལགས་དུས་ཚོད་༡༨ རིང་རླངས་འཁོར་ལ་བསྡད་ནས་ཡུལ་ཤུལ་དུ་ཕྱིན་ཏེ་བཅར་འདྲི་བྱས་ཤིང་། ཁོ་མོ་ནི་རྒྱལ་ཡོངས་སུ་ས་ཡོམ་བྱུང་ཁུལ་དུ་འབྱོར་བའི་རྩོམ་པ་པོ་ཐོག་མའི་གྲས་ཡིན་པ་རེད། ཐེངས་འདིའི《བཀྲ་ཤིས་པའི་ཡུལ་ཤུལ》 བསྐྱར་དུ་དཔར་བའི་དམིགས་ཡུལ་ནི་ཡུལ་ཤུལ་ལ་ཐུགས་ཁུར་དང་། རོགས་སྐྱོར། བརྩེ་དུང་བཅས་ཡོད་པའི་མི་རྣམས་ཀྱིས་ཡང་བསྐྱར་ངོ་མཚར་ལྡན་ཞིང་མཛེས་སྡུག་ཡིད་དབང་འཕྲོག་པའི་ས་དེ་ཤེས་པའི་ཆེད་དུ་ཡིན་ཞིང་། དཔེ་དེབ་ནང་རི་མོ་དང་ཡི་གེ་ཤན་སྦྱར་དུ་ཡོད་ལ། དེ་ནི་རྩོམ་པ་པོས་གོད་ཆགས་ཐེབས་པའི་ཡུལ་ཤུལ་ལ་ཕུལ་བའི་ལེགས་སྐྱེས་ཤིག་ཡིན་ཞེས་གནས་ཚུལ་བཀོད་འདུག
ཕྱི་ལོ་༢༠༠༦ ལོའི་ཟླ་༩ པའི་ནང་《བཀྲ་ཤིས་པའི་ཡུལ་ཤུལ》 ཞེས་པ་ཐེངས་དང་པོར་པར་དུ་བསྐྲུན་ནས་འགྲེམ་སྤེལ་བྱས་ཤིང་། དཔེ་དེབ་འདིས་རྨ་འབྲི་རྫ་གསུམ་འབྱུང་ཁུངས་ཀྱི་ས་ཁུལ་རིག་གནས་ཁྱོན་ཡོངས་ནས་མཚོན་ཡོད་པ་དང་། ཀློག་པ་པོ་རྣམས་ཀྱིས་རྗེས་སུ་ཡི་རང་བྱས་ཡོད་པ་རེད་ཅེས་བཀོད་འདུག །