སྨན་སྦྱིན་གསལ་བསྒྲགས།

དེ་ལྟར་སྨན་སྦྱིན་ཐོབ་ཐང་ཡོད་པའི་དོ་བདག་གང་ཞིག་སོ་སོའི་ས་ཁུལ་གཞིས་ཆགས་ནས་སྐབས་རེ་ས་གནས་གཞན་དུ་བསྐྱོད་དེ་སྡོད་དགོས་བྱུང་རིང་ས་གནས་དེ་གའི་ཡན་ལག་སྨན་རྩིས་ཁང་ནས་སྨན་སྦྱིན་ཐོབ་ཐང་རག་གི་མེད་པའི་གནས་ཚུལ་ཡོང་བཞིན་འདུག་པར་དཀའ་སེལ་ཐབས་ལམ་ཞུ་ཕྱོགས་ཐད་སྨན་རྩིས་ཁང་འཛིན་སྐྱོང་ནང་གོ་བསྡུར་བསྐྱངས་འབྲས། ཉམས་ཐག་དང་ལོ་ན་ ༧༠ ཡན་ལོན་པའི་བོད་མི་རྣམས་ནས་རང་ཉིད་ཀྱི་ནད་དེབ་སྟེང་ས་ཁུལ་ཡན་ལག་སྨན་པ་ནས་ཉམས་ཐག་ཐོ་གཞུང་གི་ཨང་གྲངས་དང༌། ལོ་ན་ ༧༠ ལོན་པའི་ཐོ་གུང་གི་ཨང་གྲངས་བཀོད་དེ་ལས་དམ་ས་རྟགས་ཞུ་དགོས། ལས་དམ་ས་རྟགས་ཡོད་པའི་ནད་དེབ་དེ་དག་བསྣམས་ཏེ་ས་གནས་གང་དུ་བསྐྱོད་པའི་སྨན་རྩིས་ཁང་ཡན་ལག་སྨན་ཁང་དེར་ནད་དེབ་བསྟན་ཏེ་སྨན་སྦྱིན་བཞེས་ཆོག་པ་བཅས།  དབུས་སྨན་རྩིས་ཁང་འཛིན་སྐྱོང་ཡིག་ཚང་ནས་ ༢༠༡༠ ཟླ་ ༠༥ ཚེས་ ༡༤ ལ།། །།
ངོ་བཤུས།                                    ངེས་སྟོན་པ།
༡།    སྨན་རྩིས་ཁང་གི་ཁྱབ་ཁོངས་ཡན་ལག་སྨན་ཁང་ཡོངས་ལ།
གོང་གསལ་འབྲུ་དོན་ལྟར་ལག་བསྟར་ཡོང་བ།