བསམ་གཞིག་གི་འཚོ་སྣང་སྐྱུར་མོ།
རྒྱལ་ཁབ་ཡོད་པ་ནང་བཞིན་རྒྱ་ཆེ་མི་མང་གི་འོས་འདེམས་གནང་བའི་གྲོས་ཚོགས་ཚོགས་མི་རྣམ་པ་སྐུ་བཞེངས་ཀྱིས་བོད་རྒྱལ་ཁབ་ཆེན་པོ་རྒྱལ་གླུ་རོལ་དབྱངས་དང་བཅས་ཏེ་གཟི་བརྗིད་ལྡན་པའི་ངང་ནས་གྲོས་ཚོགས་དབུ་འཛུགས་གནང་ཞིང༌། དེ་བཞིན་སོ་སོའི་སེམས་ནང་གང་ཤར་བ་དེ་དག་འཛེམས་ཟོན་མེད་པ་ལྷུག་པོ་བརྗོད་པ་མཐོང་དུས་དགའ་བའི་ཚོར་སྣང་བྱུང༌། དེ་ནས་རིམ་གྱིས་གཏམ་གླེང་ཁག་རིམ་པ་མཐོང་དུས་འགའ་ཤས་ཀྱིས་ཕན་ཚུན་ཟུར་ཟས་མདའ་མོ་འཕེན་རེས་ཀྱིས་རྣམ་གྱུར་དྲག་པོ་སྟོན་པ་དང༌། ཡང་འགའ་ཤས་ཀྱི་ཡི་གེ་ཀློག་ཤེས་པ་ཙམ་ལས་དེའི་ནང་དོན་རྟོགས་ཀྱི་ཡོད་ན་སྙམ་པའི་འཚོ་སྐྱུར་མོ་ཞིག་དང་འབྲེལ་བསམ་གཞིག་གི་རློང་ནས་ངུ་ཤོར་བའི་ཚོར་སྣང་སྐྱུར་མོ་ཞིག་སྐྱེས་བྱུང༌། ཡང་འགའ་ཤས་ཀྱིས་གད་སྙིགས་ཀྱི་ཕུང་པོ་ནང་དུ་གཡུགས་ཟིན་པའི་གྲོས་མཐུན་སྐོར་གླེང་སོང་བའི་དེའི་རྒྱབ་རྒྱབ་ལྗོངས་ཐུང་ཙམ་ཞིག་མི་གླེང་ཀ་མེད་མཐོང༌། དེ་ཡང་ཚང་མའི་ཤེས་གསལ་ལྟར་ཕྱི་ལོ་ ༡༩༤༩ ནས་མགོ་བཙུགས་ནས་བོད་ཤར་ཕྱོགས་ཁུལ་ནས་རྒྱ་དམར་རིམ་གྱིས་བཙན་འཛུལ་གྱིས་བོད་ས་ཡོངས་རྫོགས་དྲག་པོའི་བཙན་བཟུང་བྱས་པ་དེ་རེད།
དེ་འདྲ་གནས་སྟངས་འོག་ནས་རྒྱ་དམར་དང་མཉམ་དུ་གྲོས་མཐུན་འཇོག་བྱུང་བ་ཞིག་ལས་རང་དབང་གི་ཐོག་ནས་བཞག་མེད་པ་ཚང་མའི་ཤེས་གསལ་རེད། གང་ལྟར་གནས་སྟངས་གང་འདྲ་འོག་ཏུ་འཇོག་དགོས་བྱུང་མིན་ལ་མ་ལྟོས་པར་རང་གཞུང་གི་ངོས་ནས་གྲོས་མཐུན་དོན་ཚན་དེ་དག་ལ་སོར་གནས་ཡོང་བའི་གུ་བཤང་མི་ལོ་དགུ་ཙམ་གྱི་རིང་མཐུན་འབྲེལ་བྱས་ཡོད་ཀྱང་རྒྱ་ཕྱོགས་ནས་འགལ་འདས་ཚད་ལས་འདས་པ་ཡང་ཡང་བཟོས་པ་རེད། དེ་ཡང་རང་སྣང་ལས། བྱབྱགལ་ཏེ་ཆིངས་ཡིག་དེར་ཕྱོགས་གཅིག་ནས་འགལ་འདས་བྱས་ན་ཕྱོགས་གཞན་དེས་ཁྲིམས་ཐོག་ནས་ཁས་མི་ལེན་པ་བྱེད་ཐུབ་ཅིང༌། དེ་ནས་རྩ་འཛིན་མེད་པ་འགྱུར་བ་ཡིན།བྱབྱ ཞེས་གསུང་པ་ལྟར་རྒྱ་ཕྱོགས་ནས་འགལ་འདས་བྱས་པ་ཞིག་ལས་རང་གཞུང་རྩིས་མེད་བཏང་བ་ཞིག་གཏན་ནས་མིན། མཐར་རྒྱ་ཕྱོགས་ནས་གྲོས་མཐུན་དོན་ཚན་ཁག་ལ་སོར་གནས་མེད་པ་ཡང་ཡང་བརྡབ་གསིག་བཏང་ནས་ལྷ་གདན་ཁུལ་དུ་ཉིན་རེ་བཞིན་དུ་ཛ་དྲག་གནས་སྟངས་འོག་ནས་མཐར་ྋརྒྱལ་བ་རིན་པོ་ཆེས་གཙོས་པའི་སྐུ་འཁོར་ཧྲག་བསྡུས་ཤིག་བཙན་བྱོལ་ལ་ཕེབས་དགོས་བྱུང་ཡོད། མི་ཡུལ་ལ་གནས་སྐབས་རིང་གནས་དགོས་བྱུང་ནའང་དེང་དུས་མང་གཙོའི་འགྲོ་ལུགས་དང་མཐུན་པའི་ཆགས་གཞི་གོ་རིམ་ལྡན་པའི་སྒྲིག་འཛུགས་ཁག་བཙུགས་གནང་མཛད་པའི་གྲུབ་འབྲས་ཀྱི་དེང་སྐབས་གོར་ལོའི་སྟེང་དུ་བཙན་བྱོལ་བ་གྲངས་ལས་འདས་པ་ཞིག་ཡོད་ནའང་རང་རེས་བཙན་བྱོལ་གཞུང་འདི་ལ་ཡིད་སྨོན་མི་སྐྱེ་མཁན་ཕལ་ཆེར་མེད་ཅིང༌། དེ་ནི་ྋརྒྱལ་བ་རིན་པོ་ཆེའི་ཐུགས་རྗེའི་བཀའ་དྲིན་ཁོ་ན་ལས་བྱུང་བ་ཞིག་ཀྱང་ཡིན་པས་ཁོང་གི་ལམ་སྟོན་བཀའ་སློབ་དེ་དག་སྙིང་དབུས་སུ་འཛིན་ནས་འགོ་འོག་ཚང་མས་ཡིད་གཟབ་ངང་ལས་དོན་གནང་དགོས་པའི་དུས་ཚོད་གཅིག་ཤར་འདུག་སྙམ།
དེ་ཡང་བཀའ་ཁྲི་མཆོག་གིས། བྱབྱད་ལྟ་ང་རང་ཚོའི་སྒོ་གསུམ་གྱི་བྱ་སྤྱོད་ལ་བལྟས་པ་ཡིན་ན་འདྲ། བོད་མིའི་སྤྱི་མཐུན་གྱི་ལས་གསོག་སྟངས་ལ་ལ་བལྟས་པ་ཡིན་ན་མ་འོངས་པར་བོད་མི་རིགས་དེ་ག་འདྲ་ཞིག་ཆགས་ཡོང་སྙམ་པའི་དངངས་སྐྲག་སྐྱེ་ཡི་འདུག །ང་ཚོར་འཛམ་གླིང་གཞན་ལ་མེད་པའི་བླ་ན་མེད་པའི་དབུ་ཁྲིད་ཅིག་ཡོད་རེད། དེ་ཡང་བོད་མིའི་སྤྱི་མཐུན་གྱི་བསོད་ནམས་ཀྱིས་ལྕོགས་ཨེ་ཡོང་བསམ་པའི་དོགས་པ་སྐྱེ་ཡི་འདུག་སྟེ་བྱ་ཐབས་བྲལ་བ་རེད།བྱབྱ ཅེས་གསུང་བ་ལྟར་རེད། གཞིས་བཞུགས་རྒྱ་ཆེ་མི་མང་རྣམས་ཀྱི་ཉིན་མཚན་དབྱེར་མེད་ཀྱི་ང་ཚོར་རེ་བ་ཆེན་པོ་ཞིག་བཅོལ་ནས་བཞུགས་ཡོད། ང་ཚོའི་ྋརྒྱལ་བ་རིན་པོ་ཆེའི་དགོངས་པ་མ་ཡིན་ཟེར་བ་སོགས་ཀྱི་དོན་མེད་ཀྱི་མི་མང་མགོ་བོ་རྨོངས་ཐབས་ཀྱི་འཆར་གཏམ་དེ་དག་གཏན་ནས་སྤེལ་མི་རིག་པ་ཞིག་རེད། ཞིབ་པའི་དོན་ཚན་ལྔ་དང༌། སི་ཊ་སི་སྦག་གིས་གསུང་འཕྲིན་སོགས་རིམ་པའི་བྱུང་རིམ་སོགས་ཀྱི་བཀའ་ཁྲི་རིན་པོ་ཆེ་མཆོག་གི་ལུང་འདྲེན་མཐིལ་ཕྱིན་པ་གནང་བ་དེ་ལས་ལྷག་ཅིག་ཅི་དགོས། ལྷག་པར་བོད་མི་མང་གི་འོས་འདེམས་གནང་བའི་སྤྱི་འཐུས་རྣམ་པ་ཚོའི་ྋརྒྱལ་བ་རིན་པོ་ཆེའི་རྩ་ཆེ་བཀའ་སློབ་དེ་དག་ལ་དོ་སྣང་གང་ཙམ་ཞིག་གནང་གི་ཡོད་པ་ད་རེས་གྲོས་ཚོགས་ནང་དུ་བཀའ་མོལ་གསུང་སྟངས་དེ་དག་ལས་ང་ཚོའི་རུབ་ཙམ་ཞིག་ཤེས་ཐུབ། རྒྱ་ཆེ་མི་མང་རྣམས་ཀྱི་གྲོས་ཚོགས་ལ་མཐོང་དང་ཆགས་འཇོག་བཞག་པ་ནང་བཞིན་ཞིག་གྲོས་ཚོགས་ཀྱི་འཐུས་མི་རྣམས་ཀྱིས་ཀྱང་འགན་འཁུར་ཡོད་པའི་ཐོག་ནས་བཀའ་མོལ་གནང་ན་མཛེས་ལ། མང་གཙོའི་གཞུང་རེད། བཤད་ཆོག་པ་དང༌། བསམ་ཆོག་པ་ཞིག་ཀྱང་རེད། བསམ་ཕོད་པ་དང༌། བཤད་ཕོད་པ་གལ་ཆེན་པོ་རེད་དེ། ཡིན་ནའང་དེ་ཚོའི་རྒྱབ་ལྗོངས་སུ་བོད་མི་རིགས་ཀྱི་རྩ་དོན་ལ་ཕན་ཐོག་ཡོང་གི་ཡོད་མེད་ལྟ་རྒྱུ་དེ་གནད་འགག་ཆེན་པོ་ཞིག་རེད་སྙམ། གཞིས་ལུས་རྒྱ་ཆེ་མི་མང་རྣམས་གཞན་དབང་བཙན་གནོན་འོག་ཏུ་གདུག་རྩུབ་དེ་ཙམ་བཏང་ནའང་ད་དུང་འཇིགས་ཞུམ་སྤུ་ཙམ་ཞིག་མེད་པའི་ྋརྒྱལ་བ་རིན་པོ་ཆེ་གཙོས་པའི་བཙན་བྱོལ་གཞུང་ལ་བློ་རྩེ་གཅིག་ཏུ་གཏད་ནས་དད་འདུན་དང་རེ་བ་བྱེད་བཞིན་ཡོད་པ་དེ་རེད། ྋརྒྱལ་བ་རིན་པོ་ཆེའི་བོད་མི་རིགས་ཀྱི་བདེ་དོན་དུ་ཉིན་མཚན་མེད་པ་སྐུ་ངལ་མཛད་མེད་སྐྱོན་གནང་མཛད་པའི་ཐུགས་རྗེའི་བཀའ་དྲིན་གྱིས་དེང་སྐབས་བོད་མི་རིགས་ཞེས་མཐོང་དང་ཆགས་འཇོག་ཐུབ་པ་བྱུང་བ་དེ་ནི་ཁོང་གི་ཐུགས་རྗེའི་བཀའ་དྲིན་ཁོ་ན་ཡིན། ང་ཚོའི་སྔོན་གྱི་ལོ་རྒྱུས་ཐོག་ནས་བོད་རང་བཙན་ཡིན་པ་སྨོན་མེད་རེད། ཡིན་ནའང་ལོ་བརྒྱ་ཕྲག་ཁ་ཤས་ཀྱི་རིང་ལ་ཆབ་སྲིད་ཀྱི་ལས་ཀྱི་སྣེ་བ་ཚོའི་ཕུགས་རྒྱང་རིང་པ་དགོངས་པ་བཞེས་མ་ཐུབ་པའི་ཉེས་ལེན་བསགས་པའི་འབྲས་བུའི་ད་ལྟ་ང་ཚོའི་མི་ཐོག་འདིའི་མགོ་ལ་ལྷུང་བ་རེད། འོན་ཀྱང་ང་ཚོར་གཞན་ལ་མེད་པའི་དབུ་ཁྲིད་ཡོད་པས། ཁོང་གི་ཐུགས་དགོངས་བླ་མེད་དུ་བཞེས་གནང་མཛད་ནས་བོད་རིགས་ཡོངས་རྫོགས་གཅིག་མཐུན་མཉམ་གནས་ཡོང་བའི་དགོངས་པ་བཞེས་གནང་མཛད་ཀྱི་ཡོད་པ་དེ་རླབས་ཆེན་གྱི་དགོངས་པ་ཡིན་ལ། དེ་ནི་ང་ཚོའི་བུ་རབས་ཚ་བརྒྱུད་རྣམས་ཀྱི་ནམ་ཡང་བརྗེད་ཐབས་མེད་པའི་སྙིང་དབུས་སུ་འཛིན་ནས་ལས་དོན་འདི་དག་རྒྱུན་འཁྱོང་གནང་དགོས། ཕྱི་ལོ་ ༢༠༠༢ ནས་བོད་རྒྱ་གྲོས་མོས་བསྐྱར་མཐུད་བྱུང་ནས་གྲོས་མོས་ཐེངས་བདུན་པའི་སྐབས་སུ་བྱབྱབོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་བྱབྱགྱི་ཡིག་ཆ་དེ་རྒྱ་ནག་མི་མང་སྤྱི་འཐུས་རྒྱལ་ཁབ་ལ་སྤྲད་པ་ནས་བཟུང་སྟེ་ང་ཚོའི་སྤྱི་ཚོགས་ནང་མགོ་འཚོས་ལ་མ་འཚོས་པ་འགའ་ཤས་འཆར་གཏམ་སྣ་ཚོགས་ཤིག་སྤེལ་བསྡད་པ་རེད།
རྒྱུ་མཚན་དེ་དག་ལ་བརྟེན་ནས་སྐབས་བཅུ་བཞི་པའི་བོད་མི་མང་སྤྱི་འཐུས་ཚོགས་དུས་དགུ་པའི་ཐོག་ཏུ་ྋརྒྱལ་བ་རིན་པོ་གསུང་འཕྲིན་ཟབ་ཅིང་རྒྱས་པ་འདི་ཐུགས་ཕམ་ངང་ནས་བསྩལ་གནང་མཛད་དགོས་ཐུག་ཡོད། དེ་ཡང་མཁས་དབང་བཀའ་ཁྲིས་གསུང་དོན་ལྟར་བྱབྱྋགོང་ས་མཆོག་གི་གསུང་འཕྲིན་གནང་བ་དེ་ཐུགས་དགྱེས་ཚོར་ཆེན་པོས་གནང་བ་ཞིག་མིན་པར། ཞེ་ས་མ་ཞུས་ན་འ་ཆད་འུ་ཐུག་གིས་བཀའ་འདི་འདྲ་ཞིག་གནང་བྱུང་བ།བྱབྱ ཞེས་གསུང་ཡོད། དེ་བཞིན་བཀའ་ཁྲི་རིན་པོ་ཆེ་མཆོག་ཀྱང་ཐུགས་ཕམ་ཚད་མེད་བྱུང་ནས་བྱབྱངས་བཤད་པའི་སྐད་ཆ་འདི་དག་ཨུ་ཁུང་བརྟོལ་བའི་ནང་གི་སྙིང་ནས་ཐོན་པའི་མཆི་མ་ཡིན་བྱབྱཞེས་བློ་ཕམ་དང་བཅས་ཏེ་གྲོས་ཚོགས་ལ་གསལ་བཤད་མཐིལ་ཕྱིན་པ་གནང་ཡོད། དེ་ཡང་བཀའ་ཁྲིས། བྱབྱའཛིན་སྐྱོང་གི་ལས་ཀྱི་སྣེ་མོར་གཏོགས་པ་ཚོས་ྋརྒྱལ་བ་རིན་པོ་ཆེས་གསུང་འཕྲིན་འདི་འདྲ་ཞིག་གནང་མི་དགོས་པའི་ཐབས་ཤེས་དང་ལས་དོན་ཞུ་མ་ཐུབ་པ་དེ་ང་ཚོས་ལས་གོ་མ་ཆོད་པ་ཆགས་འདུག་བསམ་པའི་འཚོ་སྣང་བྱུང་བྱབྱཞེས་དང༌། ལྷག་པར་ྋརྒྱལ་བ་རིན་པོ་ཆེས་གསུང་འཕྲིན་ལས། བྱབྱརྩ་དོན་དང་འབྲེལ་བའིཧགནད་དོན་འདི་རིགས་ཕྱི་གསལ་ནང་གསལ་མ་བྱུང་བར་མང་ཚོགས་སུ་ཐེ་ཚོམ་གྱི་གཞིར་གནས་པས་ད་རེས་ཚོགས་འདུ་འདིའི་རིང་བགྲོ་གླེང་མཐིལ་ཕྱིན་དང༌། དེ་བཞིན་བཀའ་ཤག་དང་ངོས་ཀྱི་སྐུ་ཚབ་སྦྲེལ་པོ། གཞན་ཡང་འབྲེལ་ཡོད་ཇི་འོས་རྣམས་ཉན་ཞིབ་དོགས་འདྲི་འཁྲུན་ཆོད་བྱས་ཏེ་གསལ་པོ་བཟོ་དགོས་བྱབྱཞེས་བཀའ་ཕེབས་གནང་མཛད་པ་འདི་ྋརྒྱལ་བ་རིན་པོ་ཆེའི་མ་འོངས་པའི་བོད་མི་རིགས་ཀྱི་རྩ་དོན་སྒྲུབ་ཕྱོགས་ལ་ཕྱི་གསལ་ནང་དང༌། ང་ཚོའི་སྤྱི་ཚོགས་ནང་ཕྲག་དོགས་ཀྱིས་སྨྱོས་པའི་སྐབས་འཚོལ་རིང་ལུགས་པ་འགའ་ཤས་ཀྱི་དོན་མེད་མི་མང་ལ་ཐེ་ཚོམ་སྐྱེ་གཞིའི་འཆར་གཏམ་སྣ་ཚོགས་ཤིག་སྒྲོག་བཞིན་པ་དེ་དག་གསལ་པོ་བཟོས་ཤོག་གསུང་བ་ཞིག་རེད་སྙམ། ལྷག་པར་དུ་ང་ཚོའི་སྤྱི་ཚོགས་ནང་དུ་བཀའ་ཤག་གིས་རྒྱ་གཞུང་ལ་བསྟུན་སྟབས་ཆེ་དྲག་པའི་ལས་དོན་གནང་སྟངས་འགྲིག་གི་མེད་ཚུལ་དང༌། རྒྱ་གཞུང་ལ་སྤྲད་པའི་ཡིག་ཆ་དེ་ནི་ཧ་ཅང་གི་ཡ་ཡུད་ཡིན་ཚུལ་གྱིས་འུ་སྒྲོག་བྱེད་བཞིན་ཡོད་པ་དེ་རེད། དེ་བཞིན་ྋརྒྱལ་བ་རིན་པོ་ཆེའི་དབུ་མའི་ལམ་དང༌། བཀའ་ཤག་གི་དབུ་མའི་ལམ་ཞེས་འབྲེལ་བརྗོད་གནང་བསྡད་མཁན་དེ་དག་སྐབས་འཚོལ་རིང་ལུགས་པ་ཁ་ཤས་ཀྱིས་བཟོས་བཞག་པ་ཞིག་ཡིན་པ་ད་སྐབས་གསུང་འཕྲིན་དེ་དག་ལས་རྟོགས་ཐུབ་པ་ཞིག་ཏུ་གྱུར་ཡོད། དེ་ཡང་ྋརྒྱལ་བ་རིན་པོ་ཆེའི་གསུང་འཕྲིན་ལས། བྱབྱགོང་སྨོས་རྣམས་གྲོས་ཚོགས་ཀྱི་སྤྱི་མོས་གྲོས་ཆོད་སྔ་རྗེས་ཀྱི་གྲུབ་དོན་ལྟར་ངོས་ནས་ལྷག་བསམ་ཟོལ་མེད་ཀྱིས་འབད་འབུང་བྱེད་ཁུལ་ཡང་བྱབྱ་ ཞེས་གསུང་བ་དེ་དག་ལས་ྋརྒྱལ་བ་རིན་པོ་ཆེའི་དགོངས་གཞི་རྨ་མེད་པ་ཡིན་ནའང༌། ད་དུང་འདི་ྋརྒྱལ་བ་རིན་པོ་ཆེའི་དགོངས་གཞི་མིན་ཚུལ་སོགས་ཀྱི་འབྲེལ་བརྗོད་བྱེད་པ་མཐོང་སྐབས་དེ་དག་གི་མཐར་ཐུག་གི་དམིགས་ཡུལ་གང་ཡིན་ནམ་སྙམ་སྟེ་རང་བཞིན་མེད་པའི་སེམས་ནང་དོགས་འཆར་སྣ་ཚོགས་ཤིག་དབང་མེད་དུ་སྐྱེ་འོང་གི་འདུག །
དེ་བཞིན་བཀའ་ཁྲི་མཆོག་གིས། ག་ཚོད་གསལ་བཤད་ཞུས་ཀྱང་མང་ཆེ་བའི་རྡོའི་སྟེང་དུ་ཆུ་བླུགས་པ་ལྟ་བུ་མ་གཏོགས་མ་བྱུང་བ་རེད། ཅེས་གསུང་བ་དེ་ནི་དོན་ལ་གནས་པ་ཞིག་ཏུ་མཐོང༌། ལྷག་པར་ྋརྒྱལ་བ་རིན་པོ་ཆེའི་བོད་མང་གྲོས་ཚོགས་ནང་གསུང་འཕྲིན་ལས། བྱབྱའབྱུང་འགྱུར་བྱེད་ཕྱོགས་གྲོས་ཚོགས་ཀྱི་བསམ་འཆར་དང་མངོན་འདོད་གསར་པ་ཡོད་ན་དེའི་སྦྱོར་དངོས་རྗེས་གྱི་ལས་རིམ་གསལ་སྟོན་བྱེད་དགོས་བྱབྱཞེས་གསུང་ཡོད། གྲོས་ཚོགས་ནང་དུའང་ཐབས་ལམ་གསར་པ་སྟོན་རྒྱུ་མི་འདུག་ལ། དེ་བཞིན་སྤྱི་ཐབ་ཐོག་སྟེང་དུ་ཉན་ཞིབ་ཀྱི་ཚོགས་འདུ་ཚོགས་ནས་བགྲོ་གླེང་གནང་སོང་ཡང་འབྱུང་འགྱུར་བོད་ཀྱི་དཀའ་རྙོག་སེལ་ཐབས་ལ་ཕན་པའི་དགོངས་འཆར་གསར་སྟོན་བྱེད་མཁན་སུ་ཞིག་ཀྱང་མི་འདུག །དེ་ནི་ཡ་མཚན་གྱི་གནས་སུ་གྱུར། ད་རེས་བཀའ་ཁྲི་མཆོག་གི་གྲོས་ཚོགས་ཀྱི་ཞབས་སྟེགས་ནས་བཞེངས་ཏེ་ཕྱག་གཡས་ཀྱིས་གསལ་བཤད་ཀྱི་ཡིག་ཆ་བཟུང་ཞིང་ཕྱག་གཡོན་རྒྱབ་ལ་བཞག་ཙམ་ཞིག་གནང་ནས་གསལ་བཤད་དེ་ནི་གྲོས་ཚོགས་ཀྱི་ཁོར་ཡུག་ནང་དུ་རིམ་གྱིས་སྙིང་ཁོང་གི་མིག་ཆུ་དེ་བཞུར་སོང་ལ། མཐར་བོད་མི་རྣམས་ཀྱི་སྙིང་དབུས་སུ་འཐིམ་སོང༌། བཀའ་དྲིན་ཆེའོ་རིན་པོ། ཁྱེད་ཀྱི་གསལ་བཤད་ཀྱི་ཡིག་འབྲུ་རེ་ནས་ལོ་རྒྱུས་ཀྱི་བདེན་དོན་རེ་རེ་གསལ་ལ། ཁྱེད་ཀྱི་གསལ་བཤད་རེ་རེ་ནས་ལེགས་བཤད་ཀྱི་བདུད་རྩི་རེ་སྦྱིན་འོང༌། བཀའ་དྲི་ཆེ་རིན་པོ། ཁྱེད་སྐུ་ཚེ་ཡུན་དུ་བརྟན། ཞེས་པ་འདི་ཆབ་མདོ་ངག་དབང་ཕུན་ཚོགས་ཀྱི་ཕྱི་ལོ་ ༢༠༡༠ ཟླ་ ༣ ཚེས་ ༢༣ ཉིན་མོར་ཕུལ།།