མི་མང་ལ་རོགས་སྐྱོར་གནང་བར་ཐུགས་རྗེ་ཆེ།
ཁོང་གིས་དེ་ནི་རྒྱ་གཞུང་གིས་འཁྱོག་བཤད་དང་རྫུན་གཏམ་ལ་གཞི་བཅོལ་མི་དགོས་པར་ས་འགུལ་སྐབས་ཀྱི་གནས་ཚུལ་ངོ་མ་དེ་མི་མང་གིས་ཤེས་རྟོགས་ཡོང་ཆེད་དུ་འཕྲེད་དར་སྦྱར་བཤམས་བྱས་པ་ཡིན་ལ། དེའི་ནང་དུ་ཡིད་སྐྱོའི་སྐབས་ཀྱི་འདྲ་པར་དང་༧གོང་ས་མཆོག་གི་བཀའ་སློབ་གསུང་འཕྲིན། དེ་བཞིན་ཡུལ་ཤུལ་མི་མང་གི་རེ་འབོད་སོགས་བཀོད་འགྲེམས་བྱས་ཡོད། དོན་རྐྱེན་དེ་བྱུང་ནས་བཟུང་ང་ཚོས་རང་ནུས་གང་ཡོད་ཀྱིས་བསྔོ་སྨོན་མཆོད་འབུལ་དང་རོགས་རམ་ཡོང་ཐབས་ལ་འབད་བརྩོན་བྱས་དང་བྱེད་བཞིན་ཡོད་ཅེས་དང། ས་ཡོམ་གོད་ཆག་འདིའི་སྐབས་གསར་དུ་བཙུགས་པའི་༤།༡༤ ཚོགས་པ་གསར་འཛུགས་དང། དཀའ་ངལ་ཁྲོད་ཀྱི་མི་མང་ལ་རོགས་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་འགྲེལ་བརྗོད་གནང་སོང།། མོན་གྷོ་གསར་འགོད་པས།