ཆོས་ལུགས་ཁག་ནི་འཛམ་གླིང་ཞི་བདེའི་ཆེད་ཡིན། (སྡེ་ཚན་དང་པོ།)

(Confucianism)ཧིན་དུའི་ཆོས་ལུགས། (Hindu_ism)ཁ་ཆེའི་ཆོས་ལུགས། (Islam)ཇེན་ནམ་གཅེར་བུ་པའི་ཆོས་ལུགས།(Jainism) འཇི་འུའི་ཆོས་ལུགས།

(Judaism)སིཀ་ཆོས་ལུགས། (Sikhism)ཏཝོའི་ཆོས་ལུགས་དང༌།(Taoism) ཛོ་རོའི་ཆོས་ལུགས། (Zoroastrainism)ཏེ་ཆོས་ལུགས་ཚང་མས་དམིགས་པ་ཡང་དག་བྱམས་པར་དམིགས་པ་དང༌།

 

ཆོས་ཉམས་ལེན་གྱི་ཐོག་ནས་འགྲོ་བ་མི་རིགས་ཀྱི་ཕན་བདེ་བསྒྲུབ་རྒྱུའི་དམིགས་ཡུལ་གཅིག་མཚུངས་ཡིན་པ་དང༌། ཆོས་ལུགས་ཚང་མས་རང་རང་སོ་སོའི་རྗེས་འཇུག་རྣམས་མི་བཟང་པོ་ཞིག་བཟོ་བར་ནུས་པ་འདྲ་མཉམ་འདོན་གྱི་ཡོད་པར་ངས་ཡིད་ཆེས་བྱེད་ཀྱི་ཡོད། ཆོས་ལུགས་ཚང་མས་ལུས་ངག་ཡིད་གསུམ་གྱི་སྤྱོད་ཚུལ་ཉེས་སྐྱོན་མཐའ་དག་སྤོང་བའི་བཟང་པོའི་བསླབ་བྱ་དང༌། སྲོག་གཅོད་དང༌། མ་བྱིན་ལེན། རྫུན་ལ་སོགས་པའི་མི་དགེ་བ་རྣམས་སྤོང་དགོས་པའི་སློབ་སྟོན་གནང་གི་ཡོད། འགྲོ་བ་མི་རིགས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་རྣམས་ཀྱིས་གཏན་ལ་ཕབ་པའི་བཟང་སྤྱོད་ཀྱི་བསླབ་ཁྲིམས་ཐམས་ཅད་ཀྱི་ཐུན་མོང་གི་དམིགས་ཡུལ་ནི་རང་ཁེ་དོན་གཉེར་ཡལ་བར་དོར་དགོས་པ་དེ་ཡིན། དགེ་བའི་བཤེས་གཉེན་ཆེན་པོ་ཚང་མས་རང་རང་སོ་སོའི་རྗེས་འཇུག་ཚོ་ཉོན་མོངས་པའི་དབང་གིས་མི་དགེའི་ལས་ལ་ཞུགས་པ་ལས་ལྡོག་ཐབས་དང༌། བཟང་པོ་དགེ་བའི་ལམ་ལ་འགོད་འདོད་ཡོད་པ་ཡིན།
sence3

ཆོས་ལུགས་ཚང་མས་སེམས་མ་འདུལ་བ་ལས་བྱུང་བའི་རང་གཅེས་འཛིན་གྱི་བསམ་པ་དང༌། སྡུག་བསྔལ་གྱི་རྩ་བ་གཞན་རྣམས་ལྡོག་པའི་ཆེད་དུ་སེམས་འདུལ་དགོས་པ་གསུངས་པ་དང༌། ཆོས་ལུགས་ཚང་མས་སྐྱེ་འགྲོ་ཐམས་ཅད་ཞི་བདེ་བག་ཕེབས་དང༌། བཟང་པོའི་སྤྱོད་ཚུལ་དང༌། རྣམ་དཔྱོད་དང་ལྡན་པ་ཡོང་བའི་ཆོས་ཕྱོགས་ཀྱི་གོ་འཕང་དེར་བགྲོད་པའི་ལམ་སྟོན་བྱེད་ཀྱི་ཡོད། དེའི་ཕྱིར་ཆོས་ལུགས་ཚང་མའི་བསླབ་བྱ་མཐུན་པ་ཡིན་པ་ངས་ཡིད་ཆེས་གཙང་མ་བྱེད་ཀྱི་ཡོད། ཆོས་ལུགས་ནང་ལྟ་བ་མི་འདྲ་བའི་ཁྱད་པར་ནི་དུས་ཚོད་དང༌། གནས་སྟངས། རིག་གཞུང་གི་ཤུགས་རྐྱེན་ལས་ཡོང་གི་ཡོད་པ་བརྗོད་ཆོག་ཀྱང༌། ཆོས་ལུགས་རྣམས་ཀྱི་དངོས་ཁམས་དཔྱད་པའི་རིག་པ་རྐྱང་རྐྱང་ཐོག་ནས་བརྟགས་ན་ཤེས་ཡོན་ལྡན་པའི་གང་ཟག་རྣམས་ཀྱི་འདོད་ཚུལ་ལ་མཐའ་མེད། གང་ལྟར་ང་ཚོའི་ཆོས་ལུགས་བར་གྱི་ཐབས་ཚུལ་མི་འདྲ་བའི་ཁྱད་པར་ཆུང་ཙག་ཐོག་རྩོད་པ་མ་རྒྱག་པར་ཆོས་ལུགས་ཚང་མས་ཐུན་མོང་དུ་སྟོན་པའི་བཟང་པོའི་སྤྱོད་ཚུལ་གྱི་བསླབ་བྱ་རྣམས་རྒྱུན་ལྡན་མི་ཚེའི་ནང་ཉམས་ལེན་གནང་དགོས་པ་གལ་ཆེ།

ནད་སྣ་ཚོགས་པ་རེ་རེ་ལ་བཅོས་ཐབས་ངེས་ཅན་རེ་ཡོད་པ་བཞིན་འཛམ་གླིང་འདིའི་སྐྱེ་འགྲོ་རྣམས་ལ་བདེ་སྐྱིད་སྤྲོད་པའི་སླད་དུ་ཆོས་ལུགས་འདྲ་མིན་སྣ་ཚོགས་ཡོད། ཆོས་ལུགས་དེ་དག་ཚང་མས་ཐབས་ཚུལ་སོ་སོའི་ཐོག་ནས་སེམས་ཅན་རྣམས་སྡུག་བསྔལ་ལས་གྲོལ་ཐབས་དང་བདེ་བ་ལ་འགོད་པའི་དོན་དུ་འབད་བརྩོན་བྱེད་ཀྱི༌ཡོད། ཆོས་ནས་གསུངས་པའི་བདེན་པའི་འགྲེལ་བརྗོད་འདྲ་མིན་ལས་ང་ཚོས་འགྲེལ་བརྗོད་གང་ཞིག་འདེམས་དགོས་པའི་རྒྱུ་མཚན་གསུང་རྒྱུ་ཡོད་ཀྱང། འགྲོ་བ་མིའི་སེམས་ནས་འབྱུུང་བའི་ཆིག་བསྒྲིལ་དགོས་པ་ནི་རྒྱུ་མཚན་དེ་བས་ཆེ་བ་ཡོད། ཆོས་ལུགས་ཚང་མས་སོ་སོའི་ཐབས་ཚུལ་གྱི་ཐོག་ནས་སྐྱེ་འགྲོའི་སྡུག་བསྔལ་ཆུང་དུ་བཏང་ནས་འཇིག་རྟེན་གྱི་དཔལ་ཡོན་ལ་མཐུན་རྐྱེན་སྦྱོར་བཞིན་ཡོད། ཆོས་ལུགས་བརྗེ་བསྒྱུར་དེ་ཡག་པོ་མ་རེད། དཔེར་ན། ངས་གང་ཟག་གཞན་ནང་པར་བསྒྱུར་རྒྱུའི་བསམ་བློ་བཏང་བ་དང་ནང་པའི་ཆོས་ལུགས་རྐྱང་པར་སྤེལ་ཐབས་བྱེད་ཀྱི་མེད། ང་རང་འགྲོ་བ་མི་རིགས་ཀྱི་བདེ་སྡུག་ལ་སེམས་འཁུར་ཡོད་མཁན་གྱི་ནང་པ་ཞིག་ཡིན་པའི་ཆ་ནས་འགྲོ་བ་མི་རིགས་ཀྱི་བདེ་སྐྱིད་སྒྲུབ་ཐབས་སུ་མཐུན་རྐྱེན་ཇི་ལྟར་སྦྱོར་དགོས་མིན་སྐོར་བསམ་བློ་གཏོང་གི་ཡོད།

འཛམ་གླི་གི་ཆོས་ལུགས་ཡོངས་ཀྱི་གཞི་རྩའི་མཚུངས་ཆོས་བརྗོད་སྐབས་ངས་ཆོས་ལུགས་གཞན་ཚང་མའི་ཚབ་ཏུ་ཆོས་ལུགས་གཅིག་དགོས་པའི་རྒྱབ་གཉེར་བྱེད་ཀྱི་མེད་ལ། འཛམ་གླིང་གི་ཆོས་ལུགས་གསར་པ་ཞིག་འཚོལ་རྩིས་ཀྱང་བྱེད་ཀྱི་མེད། འཛམ་གླིང་གི་ཆོས་ལུགས་ཚང་མ་འགྲོ་བ་མིའི་མྱོང་ཚོར་དང་འཇིག་རྟེན་འདིའི་དཔལ་ཡོན་འཕེལ་རྒྱས་ཆེད་དགོས་ངེས་ཅན་ཤ་སྟག་རེད། ང་ཚོ་འགྲོ་བ་མིའི་སེམས་ཀྱི་རང་གཤིས་དང་ཤེས་རྩལ་མི་འདྲ་བ་ཡིན་པའི་ཆ་ནས་ཞི་བདེ་དང་བདེ་སྐྱིད་ཀྱི་ཐབས་ལམ་འདྲ་མིན་དགོས་པ་ཡིན། dalailama13དེ་ནི་འཚོ་བར་བྱེད་པའི་ཟས་དང་འདྲ་བ་ཡིན། སྐྱེ་བོ་འགའ་ཤས་ཡི་ཤུའི་ཆོས་ལ་བློ་གཏད་ཉེ་བ་དང་དགའ་ཞེན་ཆེ་བ་ཡོང་གི་ཡོད། འགའ་ཤས་ནང་པའི་ཆོས་ནང་འཇིག་རྟེན་གྱི་བྱེད་པོ་མེད་པར་སྨྲ་ནས་བྱ་བར་སྒྲུབ་ཀྱང་ཐམས་ཅད་རང་ཉིད་ཀྱི་ལས་ལ་རག་ལས་པ་གསུངས་པར་དགའ་ཞེན་ཆེ་བ་ཡོད། ཆོས་ལུགས་གཞན་ཐམས་ཅད་ཀྱང་དེ་དང་འདྲ་བ་ཡིན་པ་བརྗོད་ཆོག དེར་བརྟེན་འགྲོ་བ་མི་རིགས་རྣམས་ལ་རང་ཉིད་སྒེར་སོ་སོའི་མི་ཚེ་འགྲོ་ལུགས་དང་མཐུན་པ་དང༌། ཆོས་ཕྱོགས་ཀྱི་དགོས་མཁོ་མི་འདྲ་བ་དང༌། རྒྱལ་ཁབ་ཀྱི་ལྷན་སྐྱེས་ཀྱི་གོམས་སྲོལ་མི་འདྲ་བའི་དབང་གིས་འཛམ་གླིང་གི་ཆོས་ལུགས་མི་འདྲ་བ་ཐབས་ཅད་ང་ཚོར་དགོས་པ་ཡིན།

ལྟ་ཚུལ་འདིའི་ཐོག་ནས་ཆོས་ལུགས་ནང་ཕན་ཚུན་དབར་གོ་རྟོགས་ཡར་རྒྱས་གཏོང་ཆེད་འཛམ་གླིང་ཡུལ་གྲུ་མང་པོའི་ནང་འབད་བརྩོན་བྱས་དང་བྱེད་བཞིན་པ་ལ་ངས་དགའ་བསུ་ཞུ་ཡི་ཡོད། ད་ལྟའི་དུས་ཚོད་འདིར་དེ་འདྲའི་འབད་བརྩོན་དགོས་པ་ཧ་ཅང་གལ་ཆེ། གལ་ཏེ་ཆོས་ལུགས་ཚང་མས་འགྲོ་བ་མི་རིགས་ཀྱི་ཡར་རྒྱས་གོང་འཕེལ་ཐད་སེམས་འཁུར་བླངས་པ་ཡིན་ན་འཛམ་གླིང་ཞི་བདེའི་བདེ་ཐབས་ཆེད་མཉམ་རུབ་ཐོག་ལས་སླ་པོའི་ངང་ནས་ལས་དོན་སྒྲུབ་ཐུབ། ཆོས་ལུགས་ཚང་མས་མཉམ་རུབ་ཐོག་ནས་བྱ་བ་སྒྲུབ་རྒྱུའི་མཐུན་འབྲེལ་དེ་ཆོས་ལུགས་ནང་ཕན་ཚུན་བར་གྱི་གོ་རྟོགས་ལ་རག་ལུས་ཡོད། གོམ་སྟབས་དེ་གལ་ཆེ་ཤིན་ཏུ་ཆེན་པོ་ཡིན་ན་ཡང་དེ་སྒྲུབ་སླ་པོ་དང་མྱུར་དུ་སྒྲུབ་ཐབས་མེད་པ་ཡང་ང་ཚོས་ངེས་པར་དུ་ཤེས་དགོས། ཆོས་ལུགས་ནང་ཕན་ཚུན་བར་ལྟ་གྲུབ་ཀྱི་ཁྱད་པར་ཡོད་པ་དེ་ང་ཚོས་སྦས་ཐབས་མེད་པ་མ་ཟད་ད་ལྟ་ཡོད་བཞིན་པའི་ཆོས་ལུགས་ཁག་གི་ཚབ་ཏུ་འཇིག་རྟེན་སྤྱིའི་ཆོས་ལུགས་གསར་པ་ཞིག་སྤེལ་བའི་རེ་བ་ཡང་མེད། ཆོས་ལུགས་སོ་སོའི་རང་ཉིད་ཀྱི་ཐུན་མོང་མིན་པའི་མཐུན་སྦྱོར་གནང་གི་ཡོད་པ་དང༌། ཆོས་ལུགས་ཚང་མས་རང་རང་གི་ཐབས་ཚུལ་འདྲ་མིན་ཀྱིས་འགྲོ་བ་མིའི་ཚོགས་སྡེ་གང་ཞིག་ལ་གང་ཟག་རང་ཉིད་ཀྱི་མི་ཚེ་ལ་བལྟ་ཚུལ་ཐོག་ནས་འོས་པ་དང་འཚམས་པ་རེད། རྒྱུ་མཚན་དེའི་ཕྱིར་ཆོས་ལུགས་ཚང་མ་འཛམ་གླིང་འདི་ནང་གལ་ཆེན་པོ་ཡིན།

 

འཛམ་གླིང་ཞི་བདེ་ལ་ཐུགས་འཁུར་ཡོད་མཁན་ཆོས་བྱེད་ཉམས་ལེན་པ་རྣམས་ལ་གཞི་རྩའི་འགན་འཁྲི་གཉིས་ཡོད། དང་པོ། ང་ཚོས་ངེས་པར་དུ་ཆོས་ལུགས་ནང་ཕན་ཚུན་དབར་གོ་རྟོག་སྤེལ་ནས་ཆོས་ལུགས་ཚང་མ་དོན་དངོས་ཤེས་པའི་ཐོག་ནས་མཐུན་སྒྲིལ་ཡོང་ཐབས་ལ་འབད་དགོས། དེའི་ཆ་ཤས་ཤིག་ང་ཚོས་ཆོས་ལུགས་ནང་ཕན་ཚུན་གྱི་ཡིད་ཆེས་ལ་བརྩི་བཀུར་ཞུ་བ་དང༌འགྲོ་བ་མི་སྤྱིའི་བདེ་ཐབས་ལ་དོ་གལ་གནང་པའི་ཐོག་ནས་སྒྲུབ་ཐུབ། གཉིས་པ། ང་ཚོས་ངེས་པར་དུ་སྐྱེ་འགྲོ་ཐམས་ཅད་ཀྱི་སེམས་ཚོར་འདྲེན་པའི་ཆོས་ཕྱོགས་ཀྱི་གཞི་མའི་རིན་ཐང་དེ་སྤེལ་བ་དང་སྐྱེ་འགྲོ་སྤྱིའི་བདེ་སྐྱིད་སྒྲུབ་ཐབས་གཉིས་ཀྱི་བར་འཚོ་གནས་ཐུབ་པའི་བསམ་ཚུལ་གཅིག་མཐུན་ཡོང་བར་འབད་དགོས། དེར་བརྟེན་འཛམ་གླིང་གི་ཆོས་ལུགས་ཚང་མས་འགྲོ་བ་མིའི་བཟང་སྤྱོད་ཀྱི་མིང་ཐོག་ནས་ཤུགས་སྣོན་ངེས་པར་དུ་བྱེད་དགོས། ཐབས་ཚུལ་དེ་གཉིས་ཀྱིས་ང་ཚོ་སྒེར་དང་མཉམ་རུབ་གཉིས་ཀའི་ཐོག་ནས་འཛམ་གླིང་ནང་ཞི་བདེ་བསྐྲུན་པའི་ཆོས་ཕྱོགས་ཀྱི་དགོས་ངེས་ཆ་རྐྱེན་དག་སྒྲུབ་ཐུབ།

ང་ཚོས་ཆོས་ལུགས་འདྲ་མིན་གྱི་ཆོས་པ་ཚོས་རང་རང་གི་ཆོས་ལུགས་དེ་འགྲོ་བ་མི་རྣམས་ལ་སེམས་བཟང་པོ་དང༌། གཞན་ལ་བྱམས་པ་དང་བརྩི་བཀུར། ཡང་དག་པའི་སྤྱི་ཚོགས་ཀྱི་གོ་བ་ཞིག་སྤྲོད་ཐབས་ཀྱི་རྒྱུ་ཆ་ཤིན་ཏུ་མཁོ་བ་ཞིག་ཡིན་པ་ཤེས་ན་ཆོས་ལུགས་ཚང་མ་མཉམ་རུབ་ཐོག་འཛམ་གླིང་ཞི་བདེའི་ཆེད་ལས་ཀ་བྱེད་ཐུབ། ཆོས་ལུགས་འདྲ་མིན་དག་གི་རྣམ་གཞག་དང་དངོས་ཁམས་དཔྱད་རིག་གི་ཞིབ་ཕྲའི་གནས་ཚུལ་ཤེས་ནས་རང་ཉིད་ཀྱི་བློ་གྲོས་ཙམ་འཕེལ་རྒྱས་འགྲོ་ཡང༌། གལ་ཆེ་ཤོས་ནི་ང་ཚོའི་ཆོས་ལུགས་དག་གི་དམིགས་ཡུལ་དང་དགོས་མཁོ་དེ་ངེས་པར་ཤེས་དགོས། དེར་བརྟེན་ངས་ཡིད་ཆེས་ལ་ང་ཚོས་ཆོས་ལུགས་ནང་ཕན་ཚུན་གྱི་ཞིབ་ཕྲའི་དངོས་ཁམས་དཔྱད་རིག་གི་གནས་ཚུལ་རྣམས་ཆོས་ལུགས་སོ་སོའི་ནང་མའི་གནས་སྟངས་ཡིན་པ་དེ་དག་ཟུར་དུ་ཕྱུང་ནས་ཆོས་ལུགས་ཆེ་ཁག་ཚང་མས་འཛམ་གླིང་ཞི་བདེ་བསྐྲུན་ཐབས་དང་འགྲོ་བ་མིའི་བདེ་ཐབས་ཆེད་མཉམ་རུབ་ཐོག་ཞབས་འདེགས་སྒྲུབ་ཐུབ།
dalai lama at italy1

 

འཛམ་གླིང་ཁྱོན་ཡོངས་དེང་རབས་ཅན་དུ་སྒྱུུར་བཞིན་པའི་འོག་ཆོས་ལུགས་རིས་མེད་ཀྱི་ལྟ་བ་སྤེལ་བའི་མདུན་སྐྱོད་དང༌། འཛམ་གླིང་གི་ས་ཆ་འགའ་ཤས་ནང་ཆོས་ཕྱོགས་ཀྱི་རིན་ཐང་རྣམས་མེད་པར་བཟོ་ཆེད་གོ་རིམ་དང་ལྡན་པའི་འབད་བརྩོན་བྱེད་བཞིན་ཡོད་ཀྱང་འགྲོ་བ་མི་རིགས་ཕོན་ཆེན་པོ་ཞིག་མུ་མཐུད་ནས་ཆོས་ལུགས་གང་ཡང་རུང་བར་ལ་དད་མོས་བྱེད་ཀྱིན་ཡོད། གསོན་པོར་གནས་བཞིན་པའི་ཆོས་ཕྱོགས་ཀྱི་དད་པ་དེ་ཆོས་ཁས་མི་ལེན་པའི་སྲིད་ལུགས་ནང་དུའང་མཐོང་རྒྱུ་ཡོད་པ་དེས་ཆོས་ལུགས་ཀྱི་ནུས་པ་དེ་གསལ་པོ་སྟོན་གྱི་ཡོད། ཆོས་ཕྱོགས་ཀྱི་གཟུངས་དང་ནུས་པ་དེ་འཛམ་གླིང་ཞི་བདེའི་སླད་དགོས་གལ་ཅན་གྱི་དབང་གིས་བེད་སྤྱོད་བྱས་ཀྱང་འཐུས། ཆོས་ལུགས་ཁག་གི་དཔོན་རིགས་དང་འཛམ་གླིང་ཁྱོན་ཡོངས་ཀྱི་འགྲོ་བ་མི་རིགས་ཀྱི་བདེ་སྡུག་ལ་སེམས་འཁུར་ཡོད་མཁན་རྣམས་ལ་དོན་དེ་སྒྲུབ་ཆེད་དམིགས་བསལ་གྱི་འགན་དབང་ཡོད།

འཛམ་གླིང་ནང་ཞི་བདེ་སྐྲུན་ཐུབ་མིན་ལ་མ་ལྟོས་པར་ང་ཚོའི་བསྒྲུབ་བྱ་དེའི་ཕྱོགས་སུ་བསྐྱོད་དགོས་པ་ལས་གདམ་ང་གཞན་མེད། གལ་སྲིད་ང་ཚོའི་སེམས་ཁོང་ཁྲོའི་གཞན་དབང་དུ་གྱུར་ཚེ་ང་ཚོའི་འགྲོ་བ་མིའི་རིག་སྟོབས་ཀྱིས་ཆ་ཤས་བཟང་ཤོས་ལེགས་ཉེས་རྣམ་པར་འབྱེད་པའི་ཤེས་རབ་དེ་བརླག་འགྲོ་གི་རེད། ཁོང་ཁྲོ་ནི་དེང་སྐབས་འཛམ་གླིང་ནང་གི་དཀའ་ངལ་ཆེ་ཤོས་དེ་རེད།

 

སྒྲིག་འཛུགས་བཟོ་སྐྲུན་ཐོག་གང་ཟག་སྒེར་གྱི་ནུས་པ། དེང་སྐབས་ཀྱི་འཁྲུག་རྩོད། ཤར་དབུས་རྒྱལ་ཁབ་དང་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་ཀྱི་དཀའ་ངལ་དང༌། གཞན་ཡང་བྱང་ལྷོའི་རྒྱལ་ཁབ་ཀྱི་དཀའ་ངལ་ཁག་ནང་ཁོང་ཁྲོའི་ཆ་ཤས་ཆེན་པོ་ཡོད། འཁྲུག་རྩོད་འདི་དག་གང་ཟག་ཕན་ཚུན་དབར་གྱི་རང་གཤིས་ཤེས་མི་ཐུབ་པའི་དབང་ལས་བྱུང་བ་ཡིན། དེ་ནི་ཕྱི་དངོས་པོའི་ཡར་རྒྱས་སམ། དཔུང་དམག་ཆེ་བ་བེད་སྤྱོད། ཡང་ན་མཚོན་ཆ་བཟོ་སྐྲུན་ཐོག་ནས་སེལ་མི་ཐུབ། དེ་ནི་སྲིད་དོན་རྐྱང་པ་དང༌། བཟོ་རིག་རྐྱང་རྐྱང་དང་འབྲེལ་བ་ཞིག་མིན། འདི་ནི་གཙོ་བོ་ཆོས་ཕྱོགས་དང་འབྲེལ་བ་ཞིག་ཡིན། དཀའ་ངལ་དེ་སེལ་དོན་དུ་ང་ཚོའི་འགྲོ་བ་མི་རིགས་སྤྱིའི་གནས་སྟངས་དག་ཤེས་ཐུབ་པའི་ཚོར་བ་སྐྱེན་པོ་དེ་ཡོད་དགོས་། སྡང་སེམས་དང་འཁྲུག་རྩོད་ཀྱི་ཐོག་ནས་ང་ཚོ་སུ་ལའང་བདེ་སྐྱིད་སྒྲུབ་མི་ཐུབ། དམག་འཁྲུག་ནང་རྒྱལ་ཁ་ཐོབ་མཁན་རྣམས་ལའང་བདེ་སྐྱིད་མེད། འཚེ་བས་རྟག་ཏུ་སྡུག་བསྔལ་སྦྱིན་གྱི་ཡོད་པས་དེའི་ལྡོག་ཟླ་དེ་ངེས་པར་དུ་ཕན་རླབས་ཆེ། དེར་བརྟེན་འཛམ་གླིང་གི་དཔོན་རིགས་རྣམས་ཀྱིས་མི་རིགས་དང་རིག་གཞུང༌། ལྟ་གྲུབ་ཀྱི་ཁྱད་པར་དག་ལས་བརྒལ་དགོས་པ་ཤེས་ནས་སྐྱེ་འགྲོ་ཕན་ཚུན་ལ་བརྩི་བཀུར་ཡོང་བའི་འགྲོ་བ་མི་རིགས་ཐུན་མོང་གི་གནས་སྟངས་ལ་བལྟ་བའི་མིག་འབྱེད་དགོས་པའི་དུས་ལ་སླེབས་ཡོད། དེ་ལྟར་སྒྲུབ་པས་གང་ཟག་སྒེར་དང༌། སྤྱི་ཚོགས། རྒྱལ་ཁབ་དང༌། ཁྱབ་ཆེ་བའི་འཛམ་གླིང་སྤྱི་ཡོངས་ལ་ཕན་ཐོགས་སྦྱིན་ཐུབ། དེང་དུས་འཛམ་གླིང་གི་དངངས་འཚབ་ཆེ་ཤོས་ནི་འཛམ་གླིང་དམག་ཆེན་གཉིས་པ་ནས་བཟུང་ཡོང་བཞིན་པའི་ཤར་ཕྱོགས་ཤོག་ཁག་(Eastern Bloc)དང་ནུབ་ཕྱོགས་ཤོག་ཁག་(Western Bloc)གཉིས་བར་གྱི་འཐབ་རྩོད་ལས་བྱུང་བར་སྣང༌། ཤར་ནུབ་ཀྱི་ཤོག་ཁག་གཉིས་པོ་ཕན་ཚུན་ཆེས་མི་མཐུན་པའི་སྣང་བའི་ཐོག་ནས་འགྲེལ་བརྗོད་དང་ལྟ་ཚུལ་འཛིན་གྱི་ཡོད། མུ་མཐུད་ནས་ཡོང་བཞིན་པའི་རྒྱུ་མཚན་མེད་པའི་འཐབ་རྩོད་དེ་འགྲོ་བ་མི་རིགས་གཅིག་མཚུངས་ཡིན་པའི་ཕན་ཚུན་གཉིས་མོས་ཀྱི་བརྩེ་སེམས་དང་བརྩི་མཐོང་མེད་པའི་དབང་གིས་བྱུང་བ་ཡིན།

ཤར་ཕྱོགས་ཀྱི་ཤོག་ཁག་གིས་ནུབ་ཕྱོགས་ཀྱི་ཤོག་ཁག་ཐོག་འཛིན་པའི་སྡང་སེམས་དེ་གཅོག་དགོས། གང་ཡིན་ཟེར་ན་། ནུབ་ཕྱོགས་ཀྱི་ཤོག་ཁག་ཀྱང་འགྲོ་བ་མི་སྐྱེ་བོ་ཕོ་མོ་དང་བུ་ཕྲུག་ལས་གྲུབ་པ་ཡིན། དེ་བཞིན་ནུབ་ཕྱོགས་ཀྱི་ཤོག་གས་ཀྱང་ཤར་ཕྱོགས་ཀྱི་ཤོག་ཁག་དེ་ཡང་འགྲོ་བ་མིའི་རིགས་ལས་གྲུབ་པ་སོང་ཙང་རང་ཉིད་ཀྱི་སྡང་སེམས་དེ་གཅོག་དགོས། ཕན་ཚུན་གྱི་སྡང་སེམས་དེ་གཅོག་པའི་སླད་དུ་ཤོག་ཁག་གཉིས་ཀའི་དཔོན་རིགས་ཚོས་ཕན་རླབས་ཆེན་པོའི་འགན་ཞིག་བསྒྲུབ་དགོས།

dasa 11 may 2010ང་ཚོས་ཆོས་ལུགས་འདྲ་མིན་གྱི་ཆོས་པ་ཚོས་རང་རང་གི་ཆོས་ལུགས་དེ་འགྲོ་བ་མི་རྣམས་ལ་སེམས་བཟང་པོ་དང༌། གཞན་ལ་བྱམས་པ་དང་བརྩི་བཀུར། ཡང་དག་པའི་སྤྱི་ཚོགས་ཀྱི་གོ་བ་ཞིག་སྤྲོད་ཐབས་ཀྱི་རྒྱུ་ཆ་ཤིན་ཏུ་མཁོ་བ་ཞིག་ཡིན་པ་ཤེས་ན་ཆོས་ལུགས་ཚང་མ་མཉམ་རུབ་ཐོག་འཛམ་གླིང་ཞི་བདེའི་ཆེད་ལས་ཀ་བྱེད་ཐུབ། ཆོས་ལུགས་འདྲ་མིན་དག་གི་རྣམ་གཞག་དང་དངོས་ཁམས་དཔྱད་རིག་གི་ཞིབ་ཕྲའི་གནས་ཚུལ་ཤེས་ནས་རང་ཉིད་ཀྱི་བློ་གྲོས་ཙམ་འཕེལ་རྒྱས་འགྲོ་ཡང༌། གལ་ཆེ་ཤོས་ནི་ང་ཚོའི་ཆོས་ལུགས་དག་གི་དམིགས་ཡུལ་དང་དགོས་མཁོ་དེ་ངེས་པར་ཤེས་དགོས། དེར་བརྟེན་ངས་ཡིད་ཆེས་ལ་ང་ཚོས་ཆོས་ལུགས་ནང་ཕན་ཚུན་གྱི་ཞིབ་ཕྲའི་དངོས་ཁམས་དཔྱད་རིག་གི་གནས་ཚུལ་རྣམས་ཆོས་ལུགས་སོ་སོའི་ནང་མའི་གནས་སྟངས་ཡིན་པ་དེ་དག་ཟུར་དུ་ཕྱུང་ནས་ཆོས་ལུགས་ཆེ་ཁག་ཚང་མས་འཛམ་གླིང་ཞི་བདེ་བསྐྲུན་ཐབས་དང་འགྲོ་བ་མིའི་བདེ་ཐབས་ཆེད་མཉམ་རུབ་ཐོག་ཞབས་འདེགས་སྒྲུབ་ཐུབ།

འཛམ་གླིང་ཁྱོན་ཡོངས་དེང་རབས་ཅན་དུ་སྒྱུུར་བཞིན་པའི་འོག་ཆོས་ལུགས་རིས་མེད་ཀྱི་ལྟ་བ་སྤེལ་བའི་མདུན་སྐྱོད་དང༌། འཛམ་གླིང་གི་ས་ཆ་འགའ་ཤས་ནང་ཆོས་ཕྱོགས་ཀྱི་རིན་ཐང་རྣམས་མེད་པར་བཟོ་ཆེད་གོ་རིམ་དང་ལྡན་པའི་འབད་བརྩོན་བྱེད་བཞིན་ཡོད་ཀྱང་འགྲོ་བ་མི་རིགས་ཕོན་ཆེན་པོ་ཞིག་མུ་མཐུད་ནས་ཆོས་ལུགས་གང་ཡང་རུང་བར་ལ་དད་མོས་བྱེད་ཀྱིན་ཡོད། གསོན་པོར་གནས་བཞིན་པའི་ཆོས་ཕྱོགས་ཀྱི་དད་པ་དེ་ཆོས་ཁས་མི་ལེན་པའི་སྲིད་ལུགས་ནང་དུའང་མཐོང་རྒྱུ་ཡོད་པ་དེས་ཆོས་ལུགས་ཀྱི་ནུས་པ་དེ་གསལ་པོ་སྟོན་གྱི་ཡོད། ཆོས་ཕྱོགས་ཀྱི་གཟུངས་དང་ནུས་པ་དེ་འཛམ་གླིང་ཞི་བདེའི་སླད་དགོས་གལ་ཅན་གྱི་དབང་གིས་བེད་སྤྱོད་བྱས་ཀྱང་འཐུས། ཆོས་ལུགས་ཁག་གི་དཔོན་རིགས་དང་འཛམ་གླིང་ཁྱོན་ཡོངས་ཀྱི་འགྲོ་བ་མི་རིགས་ཀྱི་བདེ་སྡུག་ལ་སེམས་འཁུར་ཡོད་མཁན་རྣམས་ལ་དོན་དེ་སྒྲུབ་ཆེད་དམིགས་བསལ་གྱི་འགན་དབང་ཡོད།
འཛམ་གླིང་ནང་ཞི་བདེ་སྐྲུན་ཐུབ་མིན་ལ་མ་ལྟོས་པར་ང་ཚོའི་བསྒྲུབ་བྱ་དེའི་ཕྱོགས་སུ་བསྐྱོད་དགོས་པ་ལས་གདམ་ང་གཞན་མེད། གལ་སྲིད་ང་ཚོའི་སེམས་ཁོང་ཁྲོའི་གཞན་དབང་དུ་གྱུར་ཚེ་ང་ཚོའི་འགྲོ་བ་མིའི་རིག་སྟོབས་ཀྱིས་ཆ་ཤས་བཟང་ཤོས་ལེགས་ཉེས་རྣམ་པར་འབྱེད་པའི་ཤེས་རབ་དེ་བརླག་འགྲོ་གི་རེད། ཁོང་ཁྲོ་ནི་དེང་སྐབས་འཛམ་གླིང་ནང་གི་དཀའ་ངལ་ཆེ་ཤོས་དེ་རེད།

སྒྲིག་འཛུགས་བཟོ་སྐྲུན་ཐོག་གང་ཟག་སྒེར་གྱི་ནུས་པ། དེང་སྐབས་ཀྱི་འཁྲུག་རྩོད། ཤར་དབུས་རྒྱལ་ཁབ་དང་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་ཀྱི་དཀའ་ངལ་དང༌། གཞན་ཡང་བྱང་ལྷོའི་རྒྱལ་ཁབ་ཀྱི་དཀའ་ངལ་ཁག་ནང་ཁོང་ཁྲོའི་ཆ་ཤས་ཆེན་པོ་ཡོད། འཁྲུག་རྩོད་འདི་དག་གང་ཟག་ཕན་ཚུན་དབར་གྱི་རང་གཤིས་ཤེས་མི་ཐུབ་པའི་དབང་ལས་བྱུང་བ་ཡིན། དེ་ནི་ཕྱི་དངོས་པོའི་ཡར་རྒྱས་སམ། དཔུང་དམག་ཆེ་བ་བེད་སྤྱོད། ཡང་ན་མཚོན་ཆ་བཟོ་སྐྲུན་ཐོག་ནས་སེལ་མི་ཐུབ། དེ་ནི་སྲིད་དོན་རྐྱང་པ་དང༌། བཟོ་རིག་རྐྱང་རྐྱང་དང་འབྲེལ་བ་ཞིག་མིན། འདི་ནི་གཙོ་བོ་ཆོས་ཕྱོགས་དང་འབྲེལ་བ་ཞིག་ཡིན། དཀའ་ངལ་དེ་སེལ་དོན་དུ་ང་ཚོའི་འགྲོ་བ་མི་རིགས་སྤྱིའི་གནས་སྟངས་དག་ཤེས་ཐུབ་པའི་ཚོར་བ་སྐྱེན་པོ་དེ་ཡོད་དགོས་། སྡང་སེམས་དང་འཁྲུག་རྩོད་ཀྱི་ཐོག་ནས་ང་ཚོ་སུ་ལའང་བདེ་སྐྱིད་སྒྲུབ་མི་ཐུབ། དམག་འཁྲུག་ནང་རྒྱལ་ཁ་ཐོབ་མཁན་རྣམས་ལའང་བདེ་སྐྱིད་མེད། འཚེ་བས་རྟག་ཏུ་སྡུག་བསྔལ་སྦྱིན་གྱི་ཡོད་པས་དེའི་ལྡོག་ཟླ་དེ་ངེས་པར་དུ་ཕན་རླབས་ཆེ། དེར་བརྟེན་འཛམ་གླིང་གི་དཔོན་རིགས་རྣམས་ཀྱིས་མི་རིགས་དང་རིག་གཞུང༌། ལྟ་གྲུབ་ཀྱི་ཁྱད་པར་དག་ལས་བརྒལ་དགོས་པ་ཤེས་ནས་སྐྱེ་འགྲོ་ཕན་ཚུན་ལ་བརྩི་བཀུར་ཡོང་བའི་འགྲོ་བ་མི་རིགས་ཐུན་མོང་གི་གནས་སྟངས་ལ་བལྟ་བའི་མིག་འབྱེད་དགོས་པའི་དུས་ལ་སླེབས་ཡོད། དེ་ལྟར་སྒྲུབ་པས་གང་ཟག་སྒེར་དང༌། སྤྱི་ཚོགས། རྒྱལ་ཁབ་དང༌། ཁྱབ་ཆེ་བའི་འཛམ་གླིང་སྤྱི་ཡོངས་ལ་ཕན་ཐོགས་སྦྱིན་ཐུབ། དེང་དུས་འཛམ་གླིང་གི་དངངས་འཚབ་ཆེ་ཤོས་ནི་འཛམ་གླིང་དམག་ཆེན་གཉིས་པ་ནས་བཟུང་ཡོང་བཞིན་པའི་ཤར་ཕྱོགས་ཤོག་ཁག་(Eastern Bloc) དང་ནུབ་ཕྱོགས་ཤོག་ཁག་(Western Bloc) གཉིས་བར་གྱི་འཐབ་རྩོད་ལས་བྱུང་བར་སྣང༌། ཤར་ནུབ་ཀྱི་ཤོག་ཁག་གཉིས་པོ་ཕན་ཚུན་ཆེས་མི་མཐུན་པའི་སྣང་བའི་ཐོག་ནས་འགྲེལ་བརྗོད་དང་ལྟ་ཚུལ་འཛིན་གྱི་ཡོད། མུ་མཐུད་ནས་ཡོང་བཞིན་པའི་རྒྱུ་མཚན་མེད་པའི་འཐབ་རྩོད་དེ་འགྲོ་བ་མི་རིགས་གཅིག་མཚུངས་ཡིན་པའི་ཕན་ཚུན་གཉིས་མོས་ཀྱི་བརྩེ་སེམས་དང་བརྩི་མཐོང་མེད་པའི་དབང་གིས་བྱུང་བ་ཡིན།

ཤར་ཕྱོགས་ཀྱི་ཤོག་ཁག་གིས་ནུབ་ཕྱོགས་ཀྱི་ཤོག་ཁག་ཐོག་འཛིན་པའི་སྡང་སེམས་དེ་གཅོག་དགོས། གང་ཡིན་ཟེར་ན་། ནུབ་ཕྱོགས་ཀྱི་ཤོག་ཁག་ཀྱང་འགྲོ་བ་མི་སྐྱེ་བོ་ཕོ་མོ་དང་བུ་ཕྲུག་ལས་གྲུབ་པ་ཡིན། དེ་བཞིན་ནུབ་ཕྱོགས་ཀྱི་ཤོག་གས་ཀྱང་ཤར་ཕྱོགས་ཀྱི་ཤོག་ཁག་དེ་ཡང་འགྲོ་བ་མིའི་རིགས་ལས་གྲུབ་པ་སོང་ཙང་རང་ཉིད་ཀྱི་སྡང་སེམས་དེ་གཅོག་དགོས། ཕན་ཚུན་གྱི་སྡང་སེམས་དེ་གཅོག་པའི་སླད་དུ་ཤོག་ཁག་གཉིས་ཀའི་དཔོན་རིགས་ཚོས་ཕན་རླབས་ཆེན་པོའི་འགན་ཞིག་བསྒྲུབ་དགོས།

འོན་ཀྱང་ཐོག་མར་དཔོན་རིགས་ཚོས་རང་ཉིད་དང་གང་ཟག་གཞན་ཀུན་འགྲོ་བ་མི་གཅིག་མཚུངས་ཡིན་པ་ཤེས་དགོས། གཞི་རྩའི་གོ་རྟོགས་དེ་མེད་ན་གོ་རིམ་ལྡན་པའི་སྡང་བའི་སེམས་དེ་ཕྲན་བུ་ཉུང་དུ་གཏོང་བ་ལས་དོན་ཐོག་འཁེལ་བའི་ཕན་ཐོགས་སྒྲུབ་དཀའ། དཔེར་ན། གལ་ཏེ་ཨ་རི་དང་ཨུ་རུ་སུའི་དཔོན་རིགས་ཕན་ཚུན་གློ་བུར་དུ་མཚོ་གླིང་མི་མེད་ལུང་སྟོང་ཞིག་གི་དཀྱིལ་དུ་ཐུག་འཕྲད་བྱུང་ན་ངས་བརྗོད་ཐུབ་པ་ལ་ཁོང་གཉིས་རང་ཤུགས་ཀྱི་ཕན་ཚུན་འགྲོ་བམི་རིགས་གཅིག་མཚུངས་ཡིན་པའི་ཡ་ལན་བྱེད་རྒྱུ་ཡིན་པ་ངེས། འོན་ཀྱང་རང་ཉིད་ཨ་རིའི་སྲིད་འཛིན་དང་ཨུ་རུ་སུའི་སྤྱི་ཁྱབ་དྲུང་ཆེ་ཡིན་པའི་ངོས་འཛིན་བྱུང་མ་ཐག་དོགས་པ་རྣམ་རྟོག་ལ་བརྟེན་ནས་ཕན་ཚུན་མི་མཐུན་པ་ཆགས་ཀྱི་ཡོད། དེ་སེལ་ཐབས་སུ་གྲོས་འཆར་གང་ཡང་མེད་པའི་མི་རིགས་ཕན་ཚུན་དབར་གཞི་རྒྱ་ཆེ་བའི་ནང་ལུགས་ཚོགས་འདུའི་ཐོག་ནས་འབྲེལ་བ་ཇི་ཙམ་མང་བ་བྱུང་བ་དེའི་ཚོད་ཀྱིས་ཕན་ཚུན་གོ་རྟོགས་གོང་མཐོར་འགྲོ་རྒྱུར་ཕན་གྱི་རེད། གོ་རྟོགས་དེའི་ཐོག་ནས་ཕན་ཚུན་འགྲོ་མ་མི་གཅིག་མཚུངས་ཡིན་པ་ཤེས་ཐུབ་ལ་འཛམ་གླིང་སྤྱིའི་དཀའ་ངལ་རྣམས་ཀྱང་སེལ་ཐབས་བྱེད་ཐུབ། ལོ་རྒྱུས་ཐོག་ནས་རྒྱབ་འགལ་ཡིན་པའི་ཤོག་ཁག་གཉིས་ཕན་ཚུན་དོགས་པ་རྣམ་རྟོག་དང་སྡང་སེམས་ཅན་གྱི་ཁོར་ཡུག་ནང་གྲུབ་འབྲས་སྨིན་པའི་གྲོས་མོལ་ཡོང་ཐབས་མེད།

ངས་སེམས་ལ་འཛམ་གླིང་གི་དཔོན་རིགས་ཚོ་ལོ་གཅིག་ནང་ཚར་རེ་ཙམ་ས་ཆ་སྐྱིད་པོ་ཞིག་ཏུ་ལས་དོན་གང་ཡང་མེད་པར་ཕན་ཚུན་འགྲོ་བ་མི་གཅིག་མཚུངས་ཡིན་པ་ཤེས་ཐབས་ཙམ་གྱི་ཕྱིར་དུ་འཛོམས་ཐུབ་ན་ཡག་པོ་མི་ཡོང་ངམ་དྲན་གྱི་འདུག དེ་ཡོང་བའི་རྗེས་སུ་དཔོན་རིགས་ཚོ་འཛོམས་ནས་ཕན་ཚུན་གྱི་དཀའ་ངལ་དང་འཛམ་གླིང་གོ་ལ་སྤྱིའི་དཀའ་ངལ་ཐོག་གྲོས་བསྡུར་བྱེད་ཐུབ་ཀྱི་རེད། འཛམ་གླིང་དཔོན་རིགས་ཚོ་ཕན་ཚུན་གུས་བརྩེ་དང་ཕན་སེམས་བཅངས་ཏེ་གོ་རྟོགས་བཟང་པོའི་ཁོར་ཡུག་ནང་ཚོགས་འདུར་འཛོམས་ན་བསམ་པའི་རེ་འདུན་དེ་དཔོན་རིགས་མང་པོའི་སེམས་ནང་དྲན་གྱི་ཡོད་པ་ངས་ཡིད་ཆེས་བྱེད་ཀྱི་ཡོད།

འཛམ་གླིང་ཁྱོན་ཡོངས་ཀྱི་གང་ཟག་སྒེར་ཕན་ཚུན་གྱི་འབྲེལ་བ་གོང་མཐོར་གཏོང་ཐབས་སུ་རྒྱལ་སྤྱིའི་ཡུལ་སྐོར་སྤྲོ་འཆམ་དང། དེ་བཞིན་དམིགས་བསལ་དུ་མང་གཙོའི་སྤྱི་ཚོགས་ནང་དྲ་རྒྱ་ཁྱབ་སྤེལ་གྱི་ལམ་ལ་རྒྱབ་སྐྱོར་ཆེ་བ་ཞིག་ཐོབ་ན་བསམ་གྱི་ཡོད། དེའི་ཐོག་ནས་མཐར་ཐུག་འགྲོ་བ་མི་རིགས་ཆིག་སྒྲིལ་སྟོན་པའི་འགྲོ་བ་མིའི་ཁེ་ཕན་དང་འབྲེལ་བའི་གནད་དོན་ཁག་གསར་འགྱུར་ཁྱབ་ཆེ་ཙམ་སྤེལ་ནས་འཛམ་གླིང་ཞི་བདེའི་ཆེད་མཐུན་སྦྱོར་མི་ཉུང་བ་ཞིག་སྦྱིན་ཐུབ།

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||