ཝ་ར་དགོན་པའི་དགེ་འདུན་པ་འཇུ་བཟུང།

རྣམ་སྲས། དེ་མིན་གྲྭ་པ་གཅིག་བཅས་འཇུ་བཟུང་བྱས་པ་དང། ཉིན་དེར་འཇོ་མདའ་རྫོང་ཐོག་ནས་རང་ཁྱིམ་དུ་ཝ་ར་དགོན་པའི་གྲྭ་སྐལ་བཟང་འགྱུར་མེད་འཇུ་བཟུང་བྱས་ཡོད་པ་རེད། ཚེས་༡༦ ཉིན་ཝ་ར་དགོན་པའི་དགེ་སྐོས་དང། དཀོར་གཉེར་གཉིས་འཇུ་བཟུང་བྱས་ཡོད་པ་རེད། གྲྭ་པ་ཚོ་འཇུ་བཟུང་བྱེད་དགོས་དོན་ཁ་གསལ་གང་ཡང་མེད་ནའང། ༢༠༠༨ ལོར་བོད་དོན་ལས་འགུལ་ཤུགས་ཆེན་བྱུང་བ་དང། རྒྱ་ནག་གཞུང་གིས་དགོན་པ་དེར་ནམ་རྒྱུན་དམ་དྲག་ཤུགས་ཆེན་བྱེད་ཀྱི་ཡོད་པ་རེད།།