དེ་ཡང་སྔོན་མ་དཔྱོད་ཤེས་རྒྱང་འབོད་ཀྱིས་མི་རྣམས་ཀྱི་སེམས་ཁམས་ཕྱོགས་ཁག་གསུམ་དུ་བཅད་ཡོད། ༡ ཞོགས་དུང་ནི་མི་རིགས་འདིའི་ཁྲོད་ཕུལ་དུ་བྱུང་བའི་བསམ་བློའི་དེད་དཔོན་གསར་པ་ཞིག་ལ་ངོས་འཛིན་བྱེད། ༢ ཞོགས་དུང་ནི་ཅི་ཡང་མི་ཤེས་མཁན་ཞིག་ཡིན་པ་མ་ཟད། མི་རིགས་ཀྱི་རྐང་འདྲེན་པ་དང། ལོག་ལྟ་མཁན། ཁ་བདེ་བོས་ཡིག་ཉོག་རེ་འབྲི་ཁུལ་བྱེད་བཞིན་པ་ཞིག་ལ་ངོས་འཛིན་བྱེད། ༣ ཞོགས་དུང་ལ་བཟང་དང་ངན་གང་ཡང་བརྗོད་མ་ཤེས་པར་སོ་མཚམས་ན་ལྷག་ཡོད་པ་བཅས་རེད། ཡིན་ནའང། ས་བྱི་ལོའི་ཞི་བའི་ངོ་རྒོལ་ཆེན་མོ་བྱས་པའི་སྐབས་ནས་སྐུ་ཞབས་ཁོང་གིས་རང་གི་ཕ་མ་བུ་ཕྲུག་དང་བཟའ་ཟླ་སོགས་བློས་བཏང་བ་མ་ཟད། རང་གི་ཚེ་སྲོག་ལའང་ཕངས་སེམས་མེད་པར་གློག་རྡུལ་འཕྲུལ་ཆས་སྣ་ཚོགས་ཀྱིས་དམྱར་ཁམས་བཅོ་བརྒྱད་ཀྱི་སྡུག་བསྔལ་ཚེ་འདིར་མྱོང་བཅུག་པ་ཤེས་བཞིན་དུ་ཁོང་གིས་བསྡད་ན་མིའི་གོ་ཆོད་པ་དང། ཤི་ན་རོའི་གོ་ཆོད་པ་ཞིག་བྱེད་པའི་བློ་སྤོབས་དང། འཛེམས་དོགས་མེད་པར་མདུན་མཆོང་རྒྱག་པའི་དཔའ་ངར་གྱིས་《གནམ་ས་གོ་འབྱེད་》ཅེས་པའི་དེབ་དེ་ད་ལོར་པར་སྐྲུན་བྱས་ཤིང། སྐབས་དེ་དང་བསྟུན་ཏེ་རྒྱ་གཞུང་གིས་སྐུ་ཞབས་ཁོང་འཛིན་བཟུང་བྱས་པ་དང། ཁོང་རླབས་ཆེན་དུ་མཐོང་མཁན་རྣམས་ཡར་ཕུད། ཁོང་དང་ལྡོག་ཕྱོགས་ཀྱི་བསམ་བློ་བ་ཚོ་དང། སོ་མཚམས་ན་ལྷག་པའི་ཡོད་མཁན་རྣམས་ཀྱི་ཁྲོད་དུའང་ཕངས་སེམས་དང་འགྱོད་སེམས་ཀྱིས་འགྲམ་ཤ་འཐེན་མཁན་ཉུང་ཉུང་མིན།
དེ་ཡང་ངས་འདིར་རྒྱལ་བ་ཚངས་དབྱངས་རྒྱ་མཚོའི་མགུར་གླུ་ཞིག་འབྲི་འདོད་བྱུང།། “ནོར་བུ་རང་ལ་ཡོད་དུས།། ནོར་བུའི་ནོར་ངོ་མ་ཆོད།། ནོར་བུ་གཞན་ལ་ཤོར་དུས།། སྙིང་རླུང་སྟོད་ལ་འཚངས་སོང།།”ཞེས་པའི་དོན་འདི་ང་ཚོ་བོད་མི་རྣམས་ལ་ཧ་ཅང་འོས་ཤིང་འཚམས་པ་ཞིག་རེད། སྤྱི་ཚོགས་གསར་རྙིང་གཉིས་ཀྱི་ཁྲོད་དུ་མི་སྣ་རླབས་ཆེན་སྤྱི་ཚོགས་ནང་གི་སྐྱོན་མཚང་ཡོད་ཚད་ཐེར་འདོན་བྱེད་ཐུབ་མཁན་རེ་བྱུང་དུས་ངོས་མ་ཟིན་པར་འཕྲོ་བརླག་ཏུ་བཏང་སྟེ། མཐར་ཕངས་སེམས་དང་འགྱོད་གདུང་ཞིག་གིས་སེམས་མཚོན་བྱེད་པ་དེ་བོད་པའི་མི་རབས་སུ་རྒྱུན་མ་ཆད་པར་ཡོད་པའི་གད་སྙིགས་ཆེ་ཤོས་ཤིག་རེད། ངས་འདི་ལྟར་བཤད་དགོས་དོན་ནི། སྐུ་ཞབས་ཞོགས་དུང་ནི་ཆོས་ལ་དགའ་དང་མི་དགའ་གང་ཡིན་ཡང། བོད་མི་རིགས་ཀྱི་ཉམས་ཆག་སླར་གསོ་བྱེད་རྒྱུ་དེ་རང་ཉིད་གངས་ཅན་པ་ཞིག་ཏུ་སྐྱེས་པ་ནས་ཕྲག་ཏུ་ཁུར་དགོས་པའི་འགན་འཁྲི་ཞིག་ཏུ་ལེན་པར་ལྷག་བསམ་རྣམ་དག་དང། ཁ་ཞེ་གཉིས་མེད་ཡིན་པ་ཧ་ཅང་གསལ་ལ། ད་དུང་ཁོང་ནི་མི་རབས་རྗེས་མར་བསམ་བློའི་སློབ་དཔོན་ཆེན་མོ་ཞིག་ལ་རེ་བ་བརྒྱ་ཆའི་བརྒྱ་ཡོད་ས་ཞིག་ཀྱང་རེད། ཞོགས་དུང་ནི་རྒྱ་བོད་གཉིས་ཀྱི་ལོ་རྒྱུས་དང་ཆབ་སྲིད་ཀྱི་ཐད་ལ་རྒྱུས་མངའ་ཡོད་པ་དང། སྤྱི་ཚོགས་རྙོག་འཛིང་གི་གནོན་ཤུགས་ལ་མགོ་མི་སྒུར་བའི་བློ་སྤོབས། རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་ཡོད་ཚད་བློས་གཏོང་ཐུབ་པའི་དཔའ་བོ་སོགས་ཡིན་པའི་ཆ་ནས། ངས་འདི་ལྟར་གདེང་འཇོག་ཆེན་པོ་བྱས་ན། ང་ལ་དགག་ལན་སྤྲོད་མཁན་མང་སྲིད་མོད། འདིའི་རིགས་ལ་ཡ་ལན་སྤྲོད་དགོས་དོན་མེད། སྐུ་ཞབས་ཞོགས་དུང་ད་ལྟའི་ཆར་བོད་མི་རྣམས་ཀྱིས་ཕངས་སེམས་དང་འགྱོད་སེམས་ཀྱིས་སེམས་འཚབ་བྱེད་དགོས་པའི་སོ་མཚམས་སུ་ལྷུང་ཡོད་པས། ང་ཚོ་རང་དབང་ལུང་པར་ཡོད་པའི་བཙན་བྱོལ་བོད་གཞུང་གི་གཙོས་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་དང། བཙན་བྱོལ་སྤྱི་ཚོགས་ཀྱི་མི་མང་བཅས་ཀྱིས་ནམ་རྒྱུན་རྩོམ་པ་པོ་དང་ཤེས་ཡོན་ཅན་གྱི་རིགས་སྲུང་སྐྱོབ་དང་གཅེས་སྐྱོང་བྱེད་དགོས་པའི་སྐོར་ཀུན་གྱིས་ངག་ནས་རྒྱུན་མ་ཆད་པར་གླེང་བཞིན་པ་ཞིག་ཡིན་ལ། ད་ནི་ཁ་བཤད་དོན་ལ་གནས་པའི་དུས་ཡིན་ནོ། བོད་ནང་གི་རྩོམ་པ་པོ་གྲགས་ཅན་ཞོགས་དུང་གིས་གཙོས་རྩོམ་པ་པོ་དང་ཤེས་ཡོན་ཅན་མང་པོ་ཞིག་གིས་ཁྲིམས་འོག་ན་དཀའ་སྡུག་གྲངས་མེད་མྱོང་བཞིན་པ་དེ་དག་གི་ཆེད་དུ་བོད་གཞུང་གིས་གཙོས་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་དང། མི་མང་བཅས་ཀྱིས་རང་ནུས་གང་ཡོད་ཀྱིས་ཁོ་ཚོ་སྐྱོབ་ཐབས་བྱེད་པའི་དུས་ལ་སླེབས་ཡོད་པ་མ་ཟད། ང་ཚོས་འདིར་གཞུང་མང་ཡོངས་ཀྱི་ཁ་ནས་བཤད་བཞིན་པའི་ཚིག་དེའི་རྗེས་སྐྱོང་བར་བྱེད་པའི་དུས་ལ་སླེབས་ཡོད་པར་འདོད་དོ།།
སྐུ་ཞབས་ཞོགས་དུང། གཡུ་སྒང་དགེ་འདུན། དྷ་ས།
ངས་འདིར་འགོ་གང་འདྲ་བྱས་ཏེ་འཛུགས་དགོས་པ་དང། མཇུག་ཇི་ལྟར་བསྡུ་དགོས་མིན་མི་ཤེས་མོད། སྐུ་ཞབས་ཞོགས་དུང་གིས་《དཔྱོད་ཤེས་རྒྱང་འབོད་》དང་《གནམ་ས་གོ་འབྱེད་》གཉིས་བརྩམས་པ་དེས་བོད་མི་མང་པོའི་སེམས་ལ་གཞན་དང་མི་འདྲ་བའི་ཤེས་རྟོགས་སྣ་ཚོགས་ཤིག་བཞག་ཡོད་ལ། དེ་ཡང་སྔོན་མ་དཔྱོད་ཤེས་རྒྱང་འབོད་ཀྱིས་མི་རྣམས་ཀྱི་སེམས་ཁམས་ཕྱོགས་ཁག་གསུམ་དུ་བཅད་ཡོད། ༡ ཞོགས་དུང་ནི་མི་རིགས་འདིའི་ཁྲོད་ཕུལ་དུ་བྱུང་བའི་བསམ་བློའི་དེད་དཔོན་གསར་པ་ཞིག་ལ་ངོས་འཛིན་བྱེད། ༢ ཞོགས་དུང་ནི་ཅི་ཡང་མི་ཤེས་མཁན་ཞིག་ཡིན་པ་མ་ཟད། མི་རིགས་ཀྱི་རྐང་འདྲེན་པ་དང། ལོག་ལྟ་མཁན། ཁ་བདེ་བོས་ཡིག་ཉོག་རེ་འབྲི་ཁུལ་བྱེད་བཞིན་པ་ཞིག་ལ་ངོས་འཛིན་བྱེད། ༣ ཞོགས་དུང་ལ་བཟང་དང་ངན་གང་ཡང་བརྗོད་མ་ཤེས་པར་སོ་མཚམས་ན་ལྷག་ཡོད་པ་བཅས་རེད། ཡིན་ནའང། ས་བྱི་ལོའི་ཞི་བའི་ངོ་རྒོལ་ཆེན་མོ་བྱས་པའི་སྐབས་ནས་སྐུ་ཞབས་ཁོང་གིས་རང་གི་ཕ་མ་བུ་ཕྲུག་དང་བཟའ་ཟླ་སོགས་བློས་བཏང་བ་མ་ཟད། རང་གི་ཚེ་སྲོག་ལའང་ཕངས་སེམས་མེད་པར་གློག་རྡུལ་འཕྲུལ་ཆས་སྣ་ཚོགས་ཀྱིས་དམྱར་ཁམས་བཅོ་བརྒྱད་ཀྱི་སྡུག་བསྔལ་ཚེ་འདིར་མྱོང་བཅུག་པ་ཤེས་བཞིན་དུ་ཁོང་གིས་བསྡད་ན་མིའི་གོ་ཆོད་པ་དང། ཤི་ན་རོའི་གོ་ཆོད་པ་ཞིག་བྱེད་པའི་བློ་སྤོབས་དང། འཛེམས་དོགས་མེད་པར་མདུན་མཆོང་རྒྱག་པའི་དཔའ་ངར་གྱིས་《གནམ་ས་གོ་འབྱེད་》ཅེས་པའི་དེབ་དེ་ད་ལོར་པར་སྐྲུན་བྱས་ཤིང། སྐབས་དེ་དང་བསྟུན་ཏེ་རྒྱ་གཞུང་གིས་སྐུ་ཞབས་ཁོང་འཛིན་བཟུང་བྱས་པ་དང། ཁོང་རླབས་ཆེན་དུ་མཐོང་མཁན་རྣམས་ཡར་ཕུད། ཁོང་དང་ལྡོག་ཕྱོགས་ཀྱི་བསམ་བློ་བ་ཚོ་དང། སོ་མཚམས་ན་ལྷག་པའི་ཡོད་མཁན་རྣམས་ཀྱི་ཁྲོད་དུའང་ཕངས་སེམས་དང་འགྱོད་སེམས་ཀྱིས་འགྲམ་ཤ་འཐེན་མཁན་ཉུང་ཉུང་མིན།