དེང་གི་ན་གཞོན་དང་མ་འོངས་པའི་འགོ་ཁྲིད།

དེ་བཞིན་རྒྱ་བོད་ཀྱི་གནད་དོན་དང་འབྲེལ་ནས་ཆབ་སྲིད་ལམ་ལུགས་སོགས་ལ། བོད་གཞུང་གི་གནད་ཡོད་མི་སྣ་ཆེད་དུ་གདན་འདྲེན་ཞུས་ནས་ཟབ་སྦྱོང་སྤྲོད་ཀྱི་ཡོད་པ་མ་ཟད། སློབ་མ་ཚོས་རང་ངོས་ནས་བསམ་ཚུལ་བརྗེ་རེས་བྱེད་ཀྱི་ཡོད་པ་རེད།

wokshop for leader2ད་ལྟའི་གཞོན་སྐྱེས་ཚོ་མ་འོངས་པར་འགོ་ཁྲིད་བྱེད་ཐབས་སུ་ཟབ་སྦྱོང་འདི་གོ་སྒྲིག་བྱས་པ་ཞིག་ཡིན་པ་དང། བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང་གི་ལས་བྱེད་སྤྱི་འཐུས་ཨཅརྱ་ཡེ་ཤེས་ཕུན་ཚོགས་ཀྱིས་འདི་གའི་གསར་འགོད་པར། འཇར་མིན་གྱི་གུ་ཡངས་རིང་ལུགས་ཚོགས་པས། ཕྱི་ལོ་༡༩༩༡ བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང་ལ་རོགས་རམ་གནང་ནས་ད་ལྟའི་བར། བོད་ཀྱི་གནད་དོན་དང་འབྲེལ་ནས་མཐོ་སློབ་ཁག་མི་འདྲ་བ་མང་པོར་ཟབ་སྦྱོང་ཕུལ་དང་འབུལ་བཞིན་ཡོད་ལ། དེ་མིན་རོགས་ཚོགས་གཞན་དག་བརྒྱུད་ནས་བོད་གཞུང་གི་སྡེ་ཚན་ཁག་མི་འདྲ་བ་མང་པོར་ཟབ་སྦྱོང་འབུལ་བཞིན་ཡོད་ཅེས་གསུངས་བྱུང།

ད་ལྟའི་བར་ཟབ་སྦྱོང་སྤྲད་ཟིན་པའི་རིགས་ལ་ཕན་ཐོགས་ཇི་ཙམ་བྱུང་ཡོད་མེད་དང་། མ་འོངས་པར་ཟབ་སྦྱོང་འདི་འདྲ་བ་རྒྱུན་བསྲིང་འདུན་ཡོད་མེད་དྲིས་པར། ཁོང་གིས། ང་ཚོས་མཐོ་སློབ་ཁག་ལ་ཟབ་སྦྱོང་མང་པོ་སྤྲད་པ་བརྒྱུད། དེང་སྐབས་ཟབ་སྦྱོང་ལ་ཕེབས་འདོད་གནང་མཁན་འཚང་ཁ་འདུག་ལ། དེ་བཞིན་ཟབ་སྦྱོང་ལ་ཕེབས་མཁན་ཚོ་ཕྱིར་སློབ་གྲྭར་ལོག་སྐབས་གནས་ཚུལ་མང་པོ་ཤེས་སོང་ཟེར་གྱི་འདུག་པས། དེ་དག་ང་ཚོས་ཟབ་སྦྱོང་སྤྲད་པའི་གྲུབ་འབྲས་རེད་བསམ་གྱི་འདུག  རྗེས་མར་རོགས་ཚོགས་འདིས་མུ་མཐུད། རོགས་རམ་གནང་གི་རེད་བསམ་གྱི་འདུག གལ་སྲིད་བཀྲ་མ་ཤིས་པ་བྱུང་ནའང་རོགས་ཚོགས་གཞན་པ་བརྒྱུད་ནས། ལས་དོན་འདི་འདྲ་བ་རྒྱུན་བསྲིང་ཐབས་བྱེད་རྒྱུ་རེད་ཅེས་གསུངས་བྱུང།

{jcomments on}