པཱ་ཀི་སི་ཐན་ནང་དྲ་གནས་བཀག་འགོག
དེ་ཡང་ཟླ་འདིའི་ཚེས་༢༡ ཉིན་བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། དེང་སྐབས་རྒྱལ་སྤྱིའི་ཐོག་ཁྱབ་བསྒྲགས་འགྲོ་བཞིན་པའི་བརྙན་འཕྲིན་གྱི་དྲ་གནས་ཡུས་ཊུབ་དང། སྤྱི་ཚོགས་དྲ་གནས་ཧྥ་སི་བྷུག་གཉིས་ནི་མི་རྣམས་ཀྱིས་དངོས་ཡོད་ཀྱི་གནས་ཚུལ་ཤེས་རྟོགས་ཐུབ་པའི་བརྒྱུད་ལམ་ཡག་ཤོས་ཡིན་རུང། པཱ་ཀི་སི་ཐན་གཞུང་གིས་དྲ་གནས་དེ་བརྒྱུད་ནས་ཁ་ཆེ་བར་ངོ་རྒོལ་བྱེད་མཁན་དང། ཁ་ཆེའི་ཆོས་ལུགས་ལ་གུས་བརྩི་མི་བྱེད་མཁན་མང་དུ་འགྲོ་བཞིན་ཡོད་པའི་རྒྱུ་མཚན་བགྲངས་ནས་བཀག་འགོག་བྱེད་བཞིན་ཡོད་པ་དང། ད་དུང་ཆོས་ལུགས་ཀྱི་དུས་དྲན་སྲུང་བརྩིའི་ཐོག་ནས་དྲ་གནས་བཀག་འགོག་གི་ཐབས་ལམ་འཚོལ་བཞིན་ཡོད་འདུག
ཡུལ་དེའི་མི་མང་གིས་དྲ་གནས་བཀག་འགོག་བྱས་པར་ངོ་རྒོལ་བྱེད་བཞིན་ཡོད་པ་དང། དམིགས་སུ་བཀར་ནས་མཐོ་སློབ་དང་གསར་འགྱུར་ལས་རིགས་དང་འབྲེལ་བའི་གཞོན་སྐྱེས་ཚོས། གཞུང་ལ་ངོ་ཚ་ཁྲེལ་གཞུང་མེད་པའི་སྲིད་བྱུས་ལག་བསྟར་བྱེད་ཀྱི་འདུག་ཟེར་ནས་སྐད་འབོད་རྒྱག་པ་དང། འཕྲེད་དར་ཆེ་ཆུང་སྣ་ཚོགས་བཟོས་ཏེ། པཱ་ཀི་སི་ཐན་གྱི་ཁྲོམ་གཞུང་ཆེ་ཁག་ཏུ་ངོ་རྒོལ་གྱི་ལས་འགུལ་སྤེལ་བཞིན་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད།