རྒྱ་ནག་ཅང་ཞི་ཞིང་ཆེན་དུ་མེ་འཁོར་བརྡབ་སྐྱོན།
ཆག་སྒོ་ལས་མི་བཅུ་དགུ་ཚེ་ལས་འདས་པ་དང་། མི་ཉེར་བདུན་རྨས་པ་དང། དེའི་ནང་ནས་མི་བཅུ་གཅིག་ལ་རྨས་སྐྱོན་ཚབས་ཆེན་བྱུང་ཡོད་འདུག ད་ལྟའི་ཆར་ལྕགས་ལམ་ལས་ཁུངས་དང་འབྲེལ་ཡོད་ས་གནས་སྲིད་གཞུང་གིས་ནུས་ཤུགས་ཡོད་རྒུ་བཏོན་ནས་རྨས་མ་མྱུར་སྐྱོབ་དང་ལྕགས་ལམ་སྐྱེལ་འདྲེན་སླར་གསོ་བྱེད་ཀྱི་ཡོད་སྐོར་གྱི་གནས་ཚུལ་སྤེལ་འདུག །