བོད་རང་སྐྱོང་ལྗོངས་ཀྱི་གཙོ་འཛིན་གཞོན་པ་གསར་དུ་བསྐོས་པ།
ཟླ་འདིའི་ཚེས་༢༦ ཉིན་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དགུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་དྲུག་པ་ཟེར་བའི་ཐོག ད་ལྟའི་ཆར་བོད་རང་སྐྱོང་ལྗོངས་འཐབ་ཕྱོགས་གཅིག་གྱུར་ཁང་གི་འགན་འཛིན་དང། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས། ཏང་ཤོག་གི་འགན་འཛིན་གཞོན་པ། བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་འགན་འཛིན་གཞོན་པ་སོགས་ཀྱི་གོ་གནས་ཡོད་མཁན་བློ་བཟང་རྒྱལ་མཚན་ད་ལྟ་བོད་རང་སྐྱོང་ལྗོངས་ཀྱི་འགན་འཛིན་གཞོན་པར་བསྐོ་གཞག་བྱ་རྒྱུའི་གཏན་འབེབ་བྱས་ཡོད་པ་རེད།
བློ་བཟང་རྒྱལ་མཚན་ནི་༡༩༥༧ ལོར་ཁམས་བྲག་གཡབ་ཏུ་སྐྱེས་པ་དང་། རིམ་བཞིན་ཏང་གི་སློབ་གྲྭའི་ཞིབ་འཇུག་སློབ་མ་བྱེད་མྱོང་བ་མ་ཟད། བོད་ལྗོངས་མི་རིགས་སློབ་གླིང་སྐད་ཡིག་ཚན་ཁག་ཏུ་སློབ་སྦྱོང་བྱེད་མྱོང་བ་དང། བོད་ལྗོངས་མི་རིགས་སློབ་གླིང་སྨན་དོན་ཚན་ཁག་དང་མར་ལེ་སློབ་གླིང་དུ་དགེ་རྒན་བྱེད་མྱོང་ཡོད་པ་རེད། དེ་རྗེས་རིམ་བཞིན་བོད་ལྗོངས་མི་རིགས་སློབ་གླིང་སྡེ་ཚོགས་ཨུ་ལྷན་ཟེར་བའི་འགན་ཁུར་བ་བྱས་ནས་ཆབ་སྲིད་ཀྱི་གོ་གནས་འདྲ་མིན་བཟུང་མྱོང་མཁན་ཞིག་ཡིན་པ་རེད།།
{jcomments on}