བཙན་བྱོལ་བོད་མི་མང་སྤྱི་འཐུས་ཀྱིས་རྒྱ་གཞུང་ལ་སྐྱོན་བརྗོད།
དེ་དང་ལྷན་དུ་ཁོ་རང་གསང་ཉར་བྱེད་མཁན་གྱི་ཉེས་མིང་འོག་བོད་མི་གཞན་ལྔ་ལ་ལོ་༣ ནས་༧ བར་བཙོན་འཇུག་གི་ཁྲིམས་ཐག་བཅད་པ་དེར། བཙན་བྱོལ་བོད་མི་མང་སྤྱི་འཐུས་ལྷན་ཁང་གི་ངོས་ནས་གསལ་བསྒྲགས་ཤིག་སྤེལ་ཏེ་རྒྱ་གཞུང་གིས་དྲང་བདེན་མིན་པའི་ཁྲིམས་ཐག་བཅད་པ་དེར་སྐྱོན་བརྗོད་ཤུགས་ཆེན་བྱས་ཡོད་པ་རེད།
གསལ་བསྒྲགས་དེའི་ནང་དུ་བོད་ནང་གི་རྩོམ་སྒྲིག་པ་ལ་སོགས་པས་རང་ཉིད་ཀྱི་ལུས་སྲོག་ཉེན་ཁར་མ་འཛེམས་པར་སོ་སོའི་བསམ་ཚུལ་བརྗོད་པ་དང། མི་མང་མཉམ་འདུས་ཀྱིས་ངོ་རྒོལ་བྱེད་མཁན་རྣམས་ཀྱི་ཐོག་ཏུ་མི་སྤྱོད་ལས་འདས་པའི་མནར་གཅོད་གཏོང་བཞིན་པ་དེར་སྐྱོན་བརྗོད་བྱས་པ་དང་འབྲེལ། རྒྱལ་སྤྱིའི་ཚོགས་པ་ཁག་དང༌། མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་ལ་རྒྱབ་སྐྱོར་བྱེད་མཁན་ཚོས་ཛ་དྲག་ཐོག་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་བཏང་བའི་བྱ་སྤྱོད་དང༌། རྒྱ་ནག་གཞུང་གིས་ཐག་གཅོད་དེར་མི་མང་དཀྱུས་མ་ཚོས་དྲང་བདེན་གྱི་ཁྲིམས་ཐག་ཡིན་པའི་ཡིད་ཆེས་བསྐྲུན་ཆེད་ཁྲིམས་ཁང་བེད་སྤྱོད་ལོག་པ་བཏང་བ་དང༌། དབང་འཛིན་མི་སྣ་ཚོས་ཁྲིམས་ཁང་དེ་དབང་ཆ་བེད་སྤྱོད་ལོག་པ་བྱ་རྒྱུའི་མ་ལག་ཞིག་ཏུ་འགྱུར་རྒྱུ་དེ་འཕྲལ་དུ་མཚམས་འཇོག་ཡོང་བར་རྒྱབ་སྐྱོར་གྱི་འབོད་སྐུལ་བྱས་ཡོད་པ་རེད་འདུག །
{jcomments on}