གནམ་བདེ་སྒོ་མོའི་དམར་གསོད་དྲན་གསོ།

དེ་ཡང་ཟླ་འདིའི་ཚེས་༢༩ ཉིན་ཨཱི་པཱོ་ཆཱའི་དུས་བབས་ཀྱི་གསར་འགོད་པས་ཧོང་ཀོང་ནས་གནས་ཚུལ་སྤེལ་བ་ལྟར་ན། ཕྱི་ལོ་༡༩༨༩ ཟླ་༦ ཚེས་༤ ཉིན་རྒྱ་ནག་གི་མཐོ་རིམ་སློབ་མ་དང་རྩོམ་པ་པོ། in hong kongམང་གཙོ་དོན་གཉེར་བ་སོགས་ཀྱིས་རྒྱ་གཞུང་ལ་མང་གཙོའི་དགོས་འདུན་བཏོན་ཏེ་ཞི་བའི་གྱེན་ལངས་ཆེན་པོ་བྱས་ནས་མི་ལོ་ཧྲིལ་པོ་༢༡ འཁོར་ལ་ཉེ་བའི་དུས་དང་བསྟུན་ནས། ཧོང་ཀོང་མང་གཙོ་རྒྱབ་སྐྱོར་ཚོགས་པ་མཉམ་འབྲེལ་མཐུན་ཚོགས་ཀྱི་གོ་སྒྲིག་འོག ཡུལ་དེའི་ཁྲོམ་གཞུང་ཆེ་ཁག་དང་ཚོང་གི་ལྟེ་གནས་ཀྱི་ས་ཁུལ་ཁག་ནང། རྒྱ་གཞུང་གིས་དམར་གསོད་བཏང་བའི་སློབ་མའི་འདྲ་པར་འགྲེམས་སྟོན་དང། གསར་འགོད་གསལ་བསྒྲགས། རྔམ་སྟོན་ཁྲོམ་སྐོར་སོགས་བྱས་ཡོད་པ་རེད།

ཧོང་ཀོང་མང་གཙོ་རྒྱབ་སྐྱོར་ཚོགས་པ་མཉམ་འབྲེལ་མཐུན་ཚོགས་ཀྱི་ཚོགས་གཙོ་སི་ཊོ་ཝ་ཟེར་བས། ཁྲོམ་སྐོར་བ་ཚོས་རང་དབང་ལྷ་མོའི་སྐུ་འདྲ་འགའ་བཟོས་ཡོད་པ་རྣམས། དྲུག་པའི་ཚེས་༤ ལ་གནད་ཆེ་བའི་ས་གནས་ཁག་ཏུ་བསྒྲེངས་འཛུགས་བྱེད་རྒྱུའི་འཆར་གཞི་ཡོད་རུང། ད་ལྟའི་ཆར་ཉེན་རྟོག་པས་བཙན་འཕྲོག་བྱེད་ཀྱི་ཡོད་པ་དང། ཉེན་རྟོག་པས་ལས་འགུལ་བ་རྣམས་འཇུ་བཟུང་བཀག་ཉར་བྱེད་ནི་འབྲེལ་ཡོད་ལས་ཁུངས་ཁག་གིས་ལས་འགུལ་བ་ཚོར་ཁྲོམ་སྐོར་གྱི་ཆོག་མཆན་སྤྲད་མེད་པའི་རྒྱུ་མཚན་བགྲང་གི་འདུག་ཅེས་བརྗོད་ཡོད་པ་རེད།

ལོ་སྔོན་མར་གནམ་བདེ་སྒོ་མོའི་དམར་གསོད་དྲན་གསོ་སྐབས། ཧོང་ཀོང་གི་ཁྱིམ་ཚང་༡༥༠༠༠༠ ལྷག་ཙམ་མར་མེ་ཁྲོམ་སྐོར་ནང་འཛུལ་ཞུགས་བྱས་ཡོད་པ་དང། ལོ་འདིའི་ནང་ལས་འགུལ་བ་ཚོས་ཧོང་ཀོང་མི་མང་གང་མང་ལས་འགུལ་ནང་འཛུལ་ཞུགས་དགོས་པའི་ཁྱབ་བསྒྲགས་བྱེད་ཀྱི་ཡོད་པ་རེད། ཧོང་ཀོང་ནི་གནམ་བདེ་སྒོ་མོའི་དམར་གསོད་དྲན་གསོ་གཞི་རྒྱ་ཆེན་པོ་བྱེད་སའི་རྒྱ་ནག་གི་ས་ཁུལ་གཅིག་ཁོ་ན་དེ་ཆགས་ཡོད་པ་ཡོད་པ་རེད།།