རྒྱ་གཞུང་གིས་སྐྱེ་རྒུ་མདོར་ད་བར་མི་༢༦༩༨ ཤི་བ་རེད་ཟེར།
ཕྱི་ཟླ་༤ པའི་ནང་དུ་རྒྱ་གཞུང་གིས་ས་ཡོམ་ཁྲོད་རྐྱེན་འདས་སུ་ཕྱིན་པ་༢༢༠༠ ཡོད་པར་བསྒྲགས་ཤིང། མི་གྲངས་༡༢༠༠༠ ལ་རྨས་སྐྱོན་བྱུང་བར་བཤད་ཡོད། རྒྱ་གཞུང་གིས་བསྒྲགས་པ་ལྟར་བྱས་ན་ཟླ་གཅིག་ལྷག་ཙམ་རིང་ལ་མི་ཤི་བའི་གྲངས་ཀ་༤༩༨ འཕར་ཡོད་པ་རེད།
འོན་ཀྱང་བཙན་བྱོལ་དུ་ཡོད་པའི་༤་༡༤ ཡུལ་ཤུལ་ས་ཡོམ་གདུང་སེལ་ཚོགས་ཆུང་དང། གཞན་ཡང་བོད་མི་རྣམས་ཀྱིས་ས་ཡོམ་གྱི་གནོད་སྐྱོན་ཁྲོད་མི་གྲངས་༡༠༠༠༠ ལས་བརྒལ་བ་འདས་གྲོངས་སོང་ཡོད་པར་ཚོད་དཔག་བྱེད་བཞིན་ཡོད་པ་རེད། རྒྱ་གཞུང་གིས་ཕྱི་ཟླ་༤ པའི་ཚེས་༡༤ ཉིན་སྐྱེ་རྒུ་མདོར་ས་ཡོམ་རིམ་པ་༦་༩ ཅན་དེ་ལ་༧་༡ ཡིན་པར་བཤད་པ་མ་ཟད། ཕྱི་ཟླ་༥ ཚེས་༢༩ ཉིན་སླར་ཡང་སྐྱེ་རྒུ་མདོར་ས་ཡོམ་རིམ་པ་༥་༤ ཅན་དེ་ལ་༥་༧ བརྒྱབ་ཡོད་པར་གསར་ལམ་དུ་བསྒྲགས་ཡོད་པ་རེད།།