རྩོམ་པ་པོ་ཞོགས་ལྗང་གློད་གྲོལ་བཏང་བ།
སྤྱིར་རྒྱ་གཞུང་གིས་ཞོགས་ལྗང་ལ་རྒྱ་གར་དུ་ཡོད་པའི་གཞོན་ནུ་ཚོགས་པ་སོགས་ལ་འབྲེལ་བ་འདུག་ཚུལ་གྱིས་མཚན་མང་པོ་གཉིད་ཁུག་མ་བཅུག་པར་དྲི་བ་རྫོགས་མེད་དུ་དྲིས་པ་བཅས་ལ་བརྟེན་ནས། ད་ལྟའི་ཆར་རིག་པ་མི་གསལ་བ་དང། གཟུགས་པོ་སྐྱོ་པོ་ཆགས་ཡོད་སྟབས། དེ་སྔོན་བཞིན་རྩོམ་ཡིག་འབྲི་བ་སོགས་བྱེད་མི་ཐུབ་པ་ཆགས་ཡོད་པའི་སྐོར་ཤིང་བཟའ་རིན་པོ་ཆེས་ནོར་ཝེ་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་འདུག
དེ་བཞིན་རྒྱ་གཞུང་གིས་ཞོགས་ལྗང་དང་ཤིང་བཟའ་རིན་པོ་ཆེ་གཉིས་འབྲེལ་བ་ཡོད་ཚུལ་བརྗོད་པ་དེར། ཤིང་བཟའ་རིན་པོ་ཆེས་དམིགས་བསལ་གྱི་འབྲེལ་བ་མེད་པ་མ་ཟད། གཞོན་ནུ་ཚོགས་པ་སོགས་དང་མཉམ་དུ་རྒྱ་གཞུང་ལ་རྒོལ་བའི་འཆར་གཞི་གཏིང་བ་སོགས་གང་ཡང་བྱས་མེད་ཅེས་ཤིང་བཟའ་རིན་པོ་ཆེས་གསལ་བཤད་གནང་འདུག དེ་བཞིན་དེ་སྔོན་འཇུ་བཟུང་བྱས་པའི་རྩོམ་པ་པོ་གངས་ཉི་ད་ལྟའི་ཆར་སྒེའུ་ཁུང་གི་རྒྱུ་ཆ་བཟོ་སའི་བཟོ་གྲྭ་ཞིག་ཏུ་ངལ་རྩོལ་བསྒྱུར་བཀོད་བྱེད་བཅུག་གི་ཡོད་པའི་གནས་ཚུལ་ཐོན་འདུག །