བོད་སྐད་གཙང་མའི་ཁོར་ཡུག་ཅིག་བསྐྲུན་རོགས།
གསལ་བསྒྲགས་དེའི་ནང་༧གོང་ས་མཆོག་དང། ༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་རྣམ་གཉིས་ཀྱིས་བོད་ཀྱི་སྐད་ཡིག་དེ་སྲུང་སྐྱོབ་དགོས་སྐོར་གསུངས་པའི་བཀའ་དྲིན་ལ་བརྟེན་ནས། དེང་སྐབས་བཙན་བྱོལ་བོད་གཞུང་དང་རང་དབང་གི་ཚོགས་སྡེ་ཁག་གི་ནང། བོད་རིགས་ནང་ཁུལ་གྱི་ལས་དོན་ཁག་བོད་ཡིག་ཐོག་འཛིན་སྐྱོང་སྤེལ་གསུམ་བྱེད་ཀྱི་ཡོད་པ་འདི་དགའ་འོས་པའི་ལས་དོན་རླབས་ཆེན་ཞིག་ཡིན་སྐོར་དང། ད་དུང་བོད་སྐད་གཙང་མ་དང་བོད་ཡིག་དག་མའི་ཕྱོགས་ནས་བོད་ཡིག་བོད་སྐད་དག་མ་མི་སྤྱོད་པའི་སྲོལ་ངན་ཞིག་ཀྱང་དར་གཞིན་པའི་སྐབས་འདིར། བོད་གཞུང་གི་ལས་ཁུངས་ཁག་དང། སློབ་གྲྭ་ཁག། དགོན་སྡེ་ཁག ཚོགས་སྡེ་ཁག་སོ་སོ་ནས་བོད་སྐད་གཙང་མ་དང་བོད་ཡིག་དག་མའི་ཕྱོགས་ནས་རང་འགན་རང་སྲུང་བྱ་རྒྱུའི་འབོད་སྐུལ་ཞུ་བཞིན་ཡོད་སྐོར་འཁོད་འདུག
དེ་བཞིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་བོད་མིའི་ཉིན་རེའི་འཚོ་བའི་ཁྲོད་བོད་སྐད་གཙང་མ་བེད་སྤྱོད་དགོས་པའི་ཁྲིམས་ཀྱི་རྒྱབ་རྟེན་ཡོད་པ་ཞིག་བཟོ་དགོས་སྐོར་གྱི་འབོད་སྐུལ་ཞུས་ཡོད་སྐོར་ཡང་འཁོད་ཡོད་པ་རེད།།