བོད་ཀྱི་རིག་དངོས་ཁྱེར་ནས་ཐེ་ཝན་དུ་འགྲེམས་སྟོན་བྱེད་ཀྱི་ཟེར།

 

དམིགས་བསལ་འགྲེམས་སྟོན་དེའི་ཐོག་ཏུ་བོད་ཀྱི་རྒྱལ་ས་ལྷ་སའི་༸གོང་ས་སྐུ་འཕྲེང་རིམ་བྱོན་གྱི་བཞུགས་གནས་ཕོ་བྲང་པོ་ཏཱ་ལ་དང་ནོར་བུ་གླིང་ག དེ་བཞིན་བོད་ལྗོངས་དངོས་མང་བཤམས་སྟོན་ཁང་སོགས་ནས་ཁྱེར་བའི་བོད་ལྗོངས་ཀྱི་རིག་དངོས་རྩ་ཆེན་བཤམས་སྟོན་བྱ་རྒྱུ་ཡིན་སྐོར་གནས་ཚུལ་སྤེལ་ཡོད་པ་རེད།

དམིགས་བསལ་འགྲེམས་སྟོན་《གནས་མཆོག་བོད་ལྗོངས། ལྷ་ཡུལ་དང་བར་ཐག་ཆེས་ཉེ་བའི་མཆོག་ནོར》 ཞེས་པའི་དམིགས་བསལ་འགྲེམས་སྟོན་དེ་ལོ་གསུམ་ལྷག་ཙམ་གྱི་རིང་གྲ་སྒྲིག་བྱས་ཤིང་། དེ་ནི་ཐེ་ཝན་གྱི་ལོ་རྒྱུས་ཐོག་ཏུ་གཞི་ཁྱོན་ཆེ་ཤོས་ཀྱི་བོད་ཀྱི་རིག་གནས་དང་རིག་དངོས་འགྲེམས་སྟོན་བྱེད་པ་ཞིག་ཡིན་པ་དང་། འགྲེམ་སྟོན་དངོས་ཟོག་ཁྱོན་བསྡོམས་༡༣༠ ཡོད་པ་དེའི་ནང་རྒྱ་ནག་སྐམ་སའི་རིམ་པ་དང་པོའི་རིག་དངོས་༣༦ ཡོད་པ་རེད། འགྲེམས་སྟོན་དེ་ན་ནིང་དཔྱིད་ཀ་ནས་བཟུང་། འཇར་པན་འཇུ་ཀྲའུ་དང་པའེ་ཧའེ་ཏའོ། ཏུང་ཅིང་། ཏ་པན། ཤན་ཐའེ་བཅས་སུ་སྤྱི་ཟླ་༥པའི་བར་འགྲེམས་སྟོན་བྱས་པ་དང་། ཕྱི་ཟླ་༧ པའི་ཚེས་༡ ཉིན་ནས་ཕྱི་ཟླ་༩ པའི་ཚེས་༡༩ ཉིན་བར་ཐེ་ཝན་དུ་མུ་མཐུད་འགྲེམས་སྟོན་བྱ་རྒྱུ་ཡིན་པ་རེད།།

Share this: