ད་ལོའི་མཛངས་མའི་བྱ་དགའ་སུ་ལ་ཐོབ་བམ།
བུ་མོ་བཞི་ཡོད་པའི་ནང་ནས་གཅིག་མ་གཏོགས་གཞན་གསུམ་ཀའི་རྣམ་འགྱུར་བཟོ་དབྱིངས་ཡོད་ཚད་ནི་བཅོས་པ་རྐྱང་རེད།མི་ཡི་འདོད་པ་བསྐང་པའི་སླད་གང་ལ་གང་འདོད་དུ་བཟོ་པའམ།ཡང་ན་གད་མོ་གཅིག་དགོད་ན་ཡང་བཅོས་མའི་རྣམ་པ་ཞིག་ལྷང་སེ་མངོན་འདུག རྒྱ་མིས་བཟོས་པའི་ཅ་ལག་བཞིན་ཡོད་ཚད་སྤུས་ཀ་ཞན་པ་འགེབས་པའི་སླད་དུ་ཕྱི་ཤུན་བཅོས་བཟོ་བྱས་པའི་རྐུབ་མཐིལ་འབུར་འདུག
གོང་གི་དེ་དག་ལས་ལྡོག་ཏེ་རང་བཞིན་གྱི་བཟོ་དབྱིབས་དང་རང་བཞིན་གྱི་འཛུམ་བག་ལྡན་པའི་གཞོན་ནུ་མ་གཅིག་འདུག ཁོང་ལ་བོད་མོ་ཡི་ཁྱད་ཆོས་ཡོད་ཚད་མངོན་འདུག་ལ། ལྷན་སྐྱེས་ཀྱི་བྱམས་བརྩེ་ཡང་མངོན་འདུག ཁོ་མོ་ལ་ཡོད་པའི་མཛེས་ཆོས་ཡོད་ཚད་ནི་ལྷན་སྐྱེས་ཀྱི་མཛེས་ཆོས་ཞེ་གཅིག་རེད། དེ་ལ་ད་ཐེངས་བོད་ཀྱི་མཛེས་མའི་གོ་མིང་དེ་ཐོབ་དགོས། དྲ་གྲོགས་ཚོ་་་་་་་་་ཚོད་དཔག་བྱས་ན་སུ་རེད་དམ། སུ་རེད་་་་་་་་་་་་་་་
ཁོ་མོ་ནི་གཞན་སུ་ཡང་མིན་པར་དབྱངས་ཅན་མེ་ཏོག་རེད། དབྱངས་ཅན་མེ་ཏོག་་་་་་་་་་་་་
ཞུ་དག་སོགས་ཀྱང་བྱ་མི་ཁོམ་པར་དབུགས་ཐེངས་གཅིག་གིས་བྲིས་ནས་དྲ་ཐོག་ན་བཀོད་ཡོད།