བོད་རྒྱལ་ཡོངས་འོས་བསྡུ་ཆེན་མོའི་དུས་ཚེས་གཏན་ཁེལ།

ཟླ་འདིའི་ཚེས་༡༠ ཉིན་དབུས་འོས་བསྡུ་ལས་ཁུངས་ནས་གངས་སྐྱིད་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བ་དང། election1སྐབས་དེར་འོས་བསྡུའི་འགན་འཛིན་དང། འགན་འཛིན་ལས་འཕར་གཉིས་བཅས་ཆེད་བཅར་བྱས་ཡོད་པ་རེད། འོས་བསྡུའི་ལས་རིམ་སྐོར་འོས་བསྡུའི་འགན་འཛིན་འཇམ་དཔལ་ཆོས་བཟང་ལགས་ཀྱིས་ངོ་སྤྲོད་གནང་དོན། མི་མང་གིས་ཐད་ཀར་འོས་འདེམས་པའི་བཀའ་བློན་ཁྲི་པ་སྐབས་གསུམ་པ་དང། བོད་མི་མང་སྤྱི་འཐུས་སྐབས་བཅོ་ལྔ་པ་གཉིས་ཀྱི་འོས་བསྡུའི་ནང་མི་མང་འཛུལ་ཞུགས་ཐུབ་ཆེད་འོས་བསྡུའི་སྒྲིག་གཞི་དང་མ་འགལ་བའི་ཐོག་ནས་སྔོན་འགྲོ་དང་དངོས་གཞི་གཉིས་ཀ་དུས་ཚོད་གཅིག་ལ་གཏན་ཁེལ་བྱས་ཡོད་པ་དང། དེ་བཞིན་ཕྱི་ཟླ་༡༠ ཚེས་༣ དང། ༢༠༡༡ ཕྱི་ཟླ་༣ ཚེས་༢༠ ཡིན་པས། (བོད་ཀྱི་ལོ་གསར་སྐབས་)དེའི་སྐབས་བོད་མི་ཚང་མ་མཉམ་འཛོམས་ཡོད་པའི་སྐབས་ཤིག་ཡིན་པས། དུས་ཚོད་དེ་གཏན་འབེབས་བྱས་པ་ཞིག་ཡིན་ཞེས་འོས་བསྡུའི་འགན་འཛིན་གྱིས་འགྲེལ་བརྗོད་བྱས་སོང།

དེ་བཞིན་མི་མང་གིས་འོས་འཕེན་ཆོག་པའི་འོས་བསྡུའི་དེབ་སྐྱེལ་དེ་ད་ལྟ་ནས་འགོ་འཛུགས་བྱས་ཟིན་པ་དང། ས་གནས་ཁག་ཏུ་ཆེད་དུ་དབུས་འོས་བསྡུ་ལས་ཁུངས་ཆེད་བཅར་གྱིས་དེབ་སྐྱེལ་བྱེད་བཞིན་ཡོད་ལ། དེབ་སྐྱེལ་མཚམས་འཇོག་གི་དུས་ཚོད་དེ་འདི་ལོའི་ཕྱི་ཟླ་༨ ནང་ཡིན་ཞེས་འགྲེལ་བརྗོད་བྱས་སོང།།

{jcomments on}