བྱིས་པའི་ངལ་རྩོལ་ལ་ངོ་རྒོལ་བྱེད་པའི་ཉིན་མོ་སྲུང་བརྩི།

སྤྱིར་བྱིས་པའི་ངལ་རྩོལ་ངོ་རྒོལ་བྱེད་པའི་ཉིན་ནི་ཕྱི་ཟླ་དྲུག་པའི་ཚེས་༡༢ ཉིན་ཡིན་རུང་ཚེས་༡༡ ཉིན་གོ་སྒྲིག་བྱེད་དོན་ནི། ཚེས་༡༢ ཉིན་གཟའ་སྤེན་པ་གཉིས་པའི་གུང་སེང་དང་སྐབས་ཁེལ་ཡོད་པའི་རྐྱེན་གྱིས་ཡིན་འདུག དེའི་སྐོར་འགྲོ་བ་མིའི་གོམ་སྟབས་ཚོགས་པ་ཞེས་པའི་འབྲེལ་ཡོད་མི་སྣར་བཅར་འདྲི་བྱས་པར་བརྗོད་དོན། སྤྱིར་ལས་འགུལ་དེའི་དམིགས་ཡུལ་ནི་བྱིས་པ་ཚོར་ངལ་རྩོལ་གྱི་ཐོག་ཏུ་བཀོལ་ནས། སློབ་སྦྱོང་གི་གོ་སྐབས་རག་གི་མེད་སྟབས། དེ་ཚོ་ལ་འགྲོ་བ་མིའི་ཐོབ་ཐང་དགོས་པ་དང་སློབ་སྦྱོང་གི་གོ་སྐབས་སྤྲོད་རྒྱུ་གལ་ཆེན་པོ་ཡིན་པའི་སྐོར་གོ་རྟོགས་སྤེལ་རྒྱུ་དེ་རེད་ཅེས་དང།

childlabor-2སྤྱིར་ཚོགས་པ་འདི་བཙུགས་ནས་ལོ་ལྔ་དྲུག་ཙམ་འགྲོ་ཡི་ཡོད་རེད་དེ། མངོན་གསལ་དོད་པོའི་སྒོ་ནས་ལས་འགུལ་སྤེལ་གྱི་ཡོད་མ་རེད། ལྷག་པར་དུ་བོད་པའི་སྤྱི་ཚོགས་ནང་ཕྲུ་གུ་གཡོག་པོར་ཉར་མཁན་མང་པོ་ཡོད་སྟབས། ཕྱི་ལོགས་སུ་མང་པོ་ཐེར་འདོན་བྱས་ན་ཉེན་ཁ་ཆེན་པོ་རེད། རྒྱ་གར་བ་ཚོ་ཁོང་ཁྲོ་ལངས་ན་ཉེན་ཁ་ཆེན་པོ་རེད། དེར་བརྟེན་བོད་པ་དང་རྒྱ་གར་བ་མཉམ་དུ་སྐད་བཏང་ནས་རྒྱལ་སྤྱིའི་ཉིན་མོ་སྲུང་བརྩི་བྱས་ནས་མི་ལ་དྲན་སྐུལ་སློང་བྱེད་དང་གོ་རྟོགས་སྤེལ་ཆེད་དུ་རེད་མ་གཏོགས། བོད་པ་ཚོས་ཕྲུ་གུ་གཡོག་པོ་ཉར་གྱི་འདུག་ཅེས་ང་ཚོས་སྐད་རྒྱག་གི་མེད་ཅེས་འགྲེལ་བརྗོད་བྱས་བྱུང།

childlabor-3མུ་མཐུད་བརྗོད་དོན། ཉིན་གཅིག་སྔ་ནུར་གྱིས་དེ་རིང་སྲུང་བརྩི་དགོས་དོན་ནི། ཚེས་༡༢ ཉིན་གཟའ་སྤེན་པ་གཉིས་པའི་གུང་སེང་ལ་ཁེལ་བའི་སྟབས་ཀྱིས་སློབ་ཕྲུག་ཚོ་མཉམ་འཛོམས་ཡོང་ཐབས་མེད་པ་རེད། སང་ཉིན་ཚེས་༡༢ ཉིན་ང་ཚོས་བྱིས་པའི་ཐོབ་ཐང་སྐོར་ལ་བགྲོ་གླེང་ཞིག་གོ་སྒྲིག་ཞུས་ཡོད། དེར་སྤྱི་འཐུས་ཚོགས་གཞོན་རྒྱ་རི་སྒྲོལ་མ་དང། ཤེས་རིག་བཀའ་བློན་ཐུབ་བསྟན་ལུང་རིགས། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་གཞོན་པ་འཇམ་དཔལ་སྨོན་ལམ་བཅས་གདན་འདྲེན་ཞུས་ཡོད་ཅེས་འགྲེལ་བརྗོད་བྱས་བྱུང།།