དུས་བཞིའི་འཕོ་འགྱུར་ལ་བསྔགས་པ།

དགུན

གྲང་རེག་རླུང་བུས་ཉི་འོད་ནུས་སྟོབས་བཅག །

རི་ལུང་ཕུ་མདའ་ཁ་བའི་གོས་ཀྱིས་གཡོག །

རྩ་དང་རྩི་ཤིང་གོས་མེད་ཀེང་རུས་འདྲ། །

དགུན་གྱི་དུས་ནི་ཆུ་ཤེལ་དབང་པོ་ལགས། །

སྟོན།

ཤིང་ཏོག་སྣ་མང་འདོད་པའི་དཔལ་སྟེར་ཞིང༌། །

བཅུད་ལྡན་ཟས་རིགས་སྐྱེ་བོ་མགུ་བར་བྱེད། །

འབྲུ་རིགས་སྣ་ལྔས་བང་མཛོད་ཕྱུར་བུར་གཏམས། །

སྟོན་གྱི་དུས་ནི་རྣམ་སྲས་བང་མཛོད་ལགས། །

དཔྱིད།

རི་ལུང་ཀུན་ཏུ་རིན་ཆེན་གཡུ་མདངས་རྒྱས། །

གློག་འགྱུ་འབྲུག་སྒྲའི་གསེབ་ནས་སྦྲང་ཆར་སྦྱིན། །

སྣ་མང་མེ་ཏོག་སྐྱེས་བའི་ལས་ལ་བྲེལ། །

དཔྱིད་ཀྱི་དུས་ནི་བཟོ་བོ་མཁས་པ་ལགས། །

༢༠༠༨ ཟླ་ ༤ ཚེས་ ༡༥ ཉིན་བྲིས།