སུ་ལ་འཕོག་ན་དེ་ལ་གཟས་ཡོད།

འཆི་མེད།
ཏཱ་ལིའི་འདབ་ལྟར་མཛེས་པའི་གཟན་ཆུང་འོག།
ཐ་ཤལ་སྤྲེལ་ལད་སྣ་དགུའི་སྤྱོད་ཚུལ་གྱིས།།
ད་ལྟར་འབྱུང་ལ་ཉེ་བའི་འོས་བསྡུའི་ཆེད།།
ན་ནིང་ལོ་ཡི་སྔོན་ནས་ཐོན་ཐབས་བྱས།།

འབའ་སྐལ།
པ་ལཌ་རྨོ་ལཌ་ཁེངས་པའི་གཞིས་གྲོང་ནང་།།
ཕ་ཡུལ་ཕྱིར་ལེན་དགོས་པའི་ངར་སྒྲ་ཡིས།།
བ་ལྟར་གླེན་ཤས་ཆེ་བའི་མི་བུ་འགར།།
མ་ཡི་བུ་ཕྲུག་སྐྱོབ་པའི་དཔའ་རྫུུན་ངོམས།།

འཆི་མེད།
ཙ་ཙིག་ཚོཌ་པ་འདྲ་མིན་བཙུཌ་བྱས་ཏེ།།
ཚ་ཟེར་རབ་ཏུ་འབར་བའི་མང་ཚོཌ་ཁྲོད།།
ཛ་དྲག་དོན་ཆེན་ཁ་དང་མི་འབྲལ་བའི།།
ཝ་ལྟར་སེང་གེར་རྫུས་དུས་རྒོད་རེ་བྲོ།།

འབའ་སྐལ།
ཞྭ་དང་མིག་ཤེལ་རེས་མོས་བརྗེ་བརྒྱབ་ནས།།
ཟ་བཏུང་གཏམ་གསུམ་ཆེད་དུ་ཅི་འགུལ་ཡང་།།
འ་འུར་ཟིང་ཆ་སློང་བའི་རྩ་མེད་ལས།།
ཡ་རབས་ཚུལ་ལྡན་བཀུར་བའི་དཔྱོད་ལྡན་མེད།།

འཆི་མེད།
ར་རྒན་གསེར་ལ་ངོམས་པའི་འཁྲུལ་སྣང་གིས།།
ལ་རྒྱ་ཤེས་འཇོན་ལྷག་བསམ་ལྡན་ཁུལ་ཐོག།
ཤ་གཅིག་སྤུན་ཟླའི་དཀྱིལ་ན་གོ་སའི་ཆེད།།
ས་སྟེང་མི་བུ་ཁྱོད་རང་ཡ་རེ་མཚར།།

འབའ་སྐལ།
ཧ་ཡང་སྟོང་པར་ཁྱི་འཛིང་བྱས་པ་བཞིན།།
ཧ་ཅང་ཐལ་མིན་སྨྲ་བའི་ལྟ་བ་ཟུང་།།
ཨ་མི་རི་ཀས་རྒྱབ་སྐྱོར་ཡོད་མིན་གྱིས།།
ཨ་མ་གནའ་མ་དབྱེ་བའི་རིཌ་པ་རྩོམ།།

སེར་བྱེས་དཔེ་མཛོད་ཁང་དུ་ཟབ་སྦྱོང་སྐབས་སློབ་སྦྱོང་འཇོན་ཐང་ཅི་ཡང་མེད་པར་ཧམ་པ་ཁོ་ནས་ཕྱི་རྟིང་བཏེགས་པའི་མི་ཞིག་གི་སྤྱོད་ཚུལ་དང་བསམ་བློའི་གཡོ་ཚུལ་སོགས་དང་ལྷག་པར་དུ་གནས་བབ་དང་མི་མཐུན་པའི་གོ་འཕང་ལ་མིག་ཞགས་འཕེན་པའི་ཚུལ་ལས་བརྩམས་ནས་ཕྲན་ཟུང་གིས་ཐོལ་བྱུང་དུ་བྲིས་པའོ།