༧གོང་ས་མཆོག་བལ་ཡུལ་དུ་གདན་ཞུ།

༸གོང་ས་མཆོག་འདི་ལོའི་ཕྱི་ཟླ་༨ པའི་ནང་བལ་ཡུལ་དུ་འཚོག་རྒྱུའི་རྒྱལ་སྤྱིའི་ཆོས་ལུགས་ཀྱི་ཚོགས་ཆེན་སྟེང་གདན་ཞུ་ཞུས་ཡོད་ནའང། བལ་ཡུལ་གཞུང་འབྲེལ་གྱིས་༧གོང་ས་མཆོག་ཕེབས་རྒྱུར་ཆོག་མཆན་ཕུལ་མིན་ད་དུང་ཁ་གསལ་གང་ཡང་མེད་པ་རེད། སྐུ་ཚབ་ཚོགས་ཆུང་དེའི་ནང་གཞུང་འབྲེལ་མི་སྣ་དང། གྲོས་ཚོགས་འཐུས་མི། གསར་འགོད་པ་སོགས་ཡོད་པ་དང། ཟླ་འདིའི་ཚེས་༡༢ ཉིན་ལྡི་ལི་ནས་བལ་ཡུལ་དུ་ཕེབས་ཡོད་པ་རེད།།