བསམ་འགྲུབ་རྒྱ་མཚོར་མནར་གཅོད་བཏང་འདུག

ཕྱི་ཟླ་༥ པའི་ཚེས་༡ ཉིན་གྱི་ཕྱི་དྲོ་ལྷ་སའི་གཙུག་ལག་ཁང་གི་བདུན་དུ་རྒྱ་ནག་གཞུང་ལ་ངོ་རྒོལ་བྱེད་སྐབས། རྒྱ་ནག་གཞུང་གིས་དྲག་སྤྱོད་པའི་ཉེས་མིང་འོག་འཛིན་བཟུང་བྱས་པ་དང། དེ་རྗེས་འབྲེལ་ཡོད་མི་སྣ་སུ་ལ་ཐུག་འཕྲད་བྱེད་མ་བཅུག་པ་མ་ཟད། གང་དུ་བཀག་ཉར་བྱས་ཡོད་མེད་ཀྱང་གཞུང་གིས་འགྲེལ་བརྗོད་བྱས་མེད་པ་རེད།
ཟླ་འདིའི་ཚེས་༡༣ ཉིན་བསམ་འགྲུབ་རྒྱ་མཚོ་གྲྭ་བཞི་བཙོན་ཁང་དུ་བཀག་ཉར་བྱས་ཡོད་པ་ཤེས་རྟོགས་བྱུང་བ་དང། ཁོང་ལ་ཉེས་རྡུང་དྲག་པོ་བཏང་ཡོད་པས། གཟུགས་པོ་བདེ་ཐང་མེད་པ་ཆགས་པ་དང། ལུས་ལ་ན་ཚ་ཡང་ཕོག་ཡོད་འདུག

༢༠༠༧ ལོར་བསམ་འགྲུབ་རྒྱ་མཚོ་ལགས་ཁོང་གི་སྤུན་ཆེ་བསྟན་པ་དར་རྒྱས་ལགས་དང་མཉམ་དུ་རྒྱ་གར་དུ་ཡོང་ཡོད་པ་དང། ༢༠༠༩ ལོའི་ཕྱི་ཟླ་༣ པའི་ནང་མར་བོད་དུ་ལོག་སྐབས། རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་ཏེ། གྲྭ་བཞི་བཙོན་ཁང་དུ་བཀག་ཉར་བཙོན་འཇུག་བྱས་པ་དང། རྗེས་སུ་གློད་གྲོལ་བཏང་ཡོད་ནའང། འགྲོ་འདུག་གི་རང་དབང་སྤྲད་མེད་པ་རེད།།

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||