ཆོལ་ཁ་ལ་ཤ་ཚ་དགོས་ཟེར་བ་འདི་མེ་སྤོར་ བྱེད་ཀྱི་མེ་ཐུ་རེད།

རེད་ལས་དོན་དེ་དག་སྔར་ལོར་གྲོས་ཚོགས་སུ་ས་ཡོམ་བརྒྱབ་ནས་གཡོ་འགུལ་མང་པོ་ཞིག་ཐེབས་ཡོད།ས་འགུལ་འབྱུང་རྐྱེན་ལ་ཞི་མི་ཡི་སྐྱག་པ་ཐལ་བས་གཡོགས་ཐབས་མང་པོ་བྱས་ཀྱང་ལམ་ལྷོང་མ་བྱུང་། ད་དུང་ཆོས་ལུགས་སྤྱི་འཐུས་རྩ་གཏོར་གཏོང་པའི་ལས་འགུལ།ཆོལ་ཁ་ཡི་འཐུས་མི་ལམ་ལུགས་མེད་པའི་ལམ་ལུགས་སོགས་ཀ་ཁ་ཡི་རིམ་པ་མང་པོ་བསྒྲིགས།ལས་འགུལ་དེ་དག་ནུས་མེད་ཆགས་པའམ།ཡང་ན་ལས་འགུལ་ནུས་པ་གཅིག་ཏུ་སྒྲིལ་འདོད་གང་གིས་རྐྱེན་མི་ཤེས་མོད།་ད་ལྟར་ཆོལ་ཁར་ཤ་ཚ་ཡོད་པ་དང་དབུ་མའི་ལམ་ལ་རྒྱབ་སྐྱོར་ཡོད་པའི་ལས་འགུལ་གྱི་ལེའུ་གསར་པ་འདི་ཡི་བར་དུ་སླེབས་ཐོན་ཐལ།

ཆོལ་ཁ་ཤ་ཚ་དགོས་པ་དེ་གནད་དོན་ཆེན་པོ་གཅིག་ཡིན་ནམ།

ད་ལོར་གྲོས་ཚོགས་སུ་ས་ཡོམ་བརྒྱབ་སྐབས་ཆོལ་ཁའི་སྤྱི་འཐུས་ཁ་ཤས་རང་ཁྱུ་དང་བྱེས་ནས་ཉེས་ཡོལ་དུ་སོང་ཡོད།ཁོང་ཚོ་ཉེས་ཡོལ་འགྲོ་བ་དེས་ཆོལ་ཁ་དེ་ལ་གྱོང་གང་ཞིག་སྤྲོད་ཡོད་དམ།ང་ཚོའི་གཞུང་གི་ལས་དོན་གཙོ་བོ་ནི་བོད་ཀྱི་བདེན་མཐའ་བསལ་རྒྱུ་དེ་ཡིན།དེའི་ཆེད་དུ་གང་གི་ཕྱོགས་སུ་ལངས་ནས་ལས་དོན་སྒྲུབ་ན་ཡང་།གྲུབ་དོན་གྱི་བདེ་སྐྱིེད་ཉི་མ་དེ་བོད་ཆོལ་ཁ་གསུམ་ལ་མཉམ་པ་ཁྱབ་པ་ཐེ་ཚོམ་མེད།དེས་ན་ཆོལ་ཁ་ཡི་ཕྱོགས་སུ་ལངས་ནས་རང་ཉིད་ཀྱི་ཆབ་སྲིད་ཀྱི་ལྟ་བ་ཡོད་ཚད་ཟུར་དུ་བཞག་ནས་གཅིག་གི་ལག་པ་དང་ཁ་ཡི་རྗེས་སུ་བླུན་པོ་ཆུ་སྣ་གར་ཁྲིད་དང་ལོང་པ་མིག་ལྡན་གྱི་གར་ཁྲིད་དེས་རྩ་དོན་ལ་ཅི་ཕན་པ་ཡིན་ནམ།

དབུ་མའི་ལམ་ལ་རྒྱབ་སྐྱོར་དགོས་པ་ཟེར་བ་ཁ་ཞེ་གཉིས་མེད་ཡིན་ནམ།

ཆ་རྐྱེན་དེ་ཡི་ངོ་གདོང་ལ་བལྟས་ན་དད་པ་དང་དག་སྣང་ལ་ཞེན་ཤེས་ཡོན་སོགས་འཛོམས་པའི་ངོ་གདོང་དགོད་འཛུམ་གཅིག་ཡིན་མོད། ལྤགས་པ་ཅུང་ཕྱེས་ནས་བལྟས་ནས་ད་ལོའི་གྲོས་ཚོགས་ཀྱི་ས་ཡོམ་གྱི་འགུལ་ལྷག་གཅིག་ཡིན་པར་ལྷང་སེ་བུད་ཡོང་།

དེ་ནི་རང་སྐྱོང་ལ་ངོས་ལེན་མེད་པའི་ཁྱུ་གཅིག་འབུར་འཛོམས་དང་།སྤྱི་ཚོགས་འདི་ཡི་ཁྲོད་ལོག་པ་གང་ཞིག་གི་མིང་ངན་ཞིག་དྲངས་པའི་སླད་དུ་ཡིན།

ད་དུང་གཅིག་བསྡུས་སྲིད་དབང་ལམ་ལུགས་ཀྱི་སྣེ་དྲངས་པ་གཅིག་ཀྱང་རེད།

ད་ནས་ཆོལ་ཁ་སོ་སོས་འཐུས་མིར་ཞེན་ཁོག་དགོས་པའི་ཆ་རྐྱེན་གཅིག་གིས་གཅིག་འགྲན་ཚུལ་དུ་འདོན་དང་།སྐབས་རྗེས་མའི་གྲོས་ཚོགས་སུ་སྔ་ལོའི་གྲོས་ཚོགས་ཀྱི་ས་ཡོམ་ལས་ཚབས་ཆེ་བའི་མེ་སྐྱོན་ཡོང་ངེས་རེད། ས་ཡོམ་གྱི་ཤུལ་དུ་མེ་སྐྱོན་ཡོང་ན་ཕྱགས་མས་ཕྱགས་པ་བཞིན་ཅི་ཡང་ལྷག་མི་སྲིད།དེས་ན་དད་ཞེན་ཡོད་མདོག་གི་ངོ་གདོང་དེས་དད་ཡུལ་གང་གི་རྟག་ཏུ་དགོངས་པར་འཁོར་ནས་ངག་ནས་ཡང་ནས་ཡང་དུ་འཕོས་པའི་ཆིག་སྒྲིལ་ཟེར་བ་དེ་གྱོང་རོ་ལྟ་བུར་བཟོ་བར་ཐེ་ཚོམ་མི་དགོས།

ལྷ་སྨོན་པའི་ཟིན་བྲིས་དང་བངཆེན་དུས་བབ་ངོས་སུ་བཀོལ་པའི་གསར་འགྱུར་དག་བཀླགས་ནས་ཚོར་སྣང་གློ་བུར་བ་ཞིག་གིས་རྐྱེན་པས་ཞུ་དག་སོགས་བྱ་མི་ཁོམ་པར་ཐད་ཀར་དྲ་ངོས་ན་སྦྱར་པས་སེམས་ལྡན་སུ་ལ་གནོད་ན་བཟོད་པ་གནང་རེོགས།