རྒྱ་ནག་ཏུ་རི་ཉིལ་ནས་མི་༡༠༧ ས་འོག་ཏུ་མནན་པ།
ཛ་དྲག་གི་གནས་ཚུལ་ཐོན་རྗེས། རྒྱ་ནག་གི་སྲིད་བློན་ཝིན་ཅཱ་པའོ་ཡིས་མྱུར་སྐྱོབ་ཀྱི་ལས་དོན་ག་འདྲ་དགོས་མིན་གྱི་མཛུབ་སྟོན་བྱས་ཡོད་པ་དང། རྒྱ་ནག་དབུས་ཆབ་སྲིད་ལས་ཁུངས་ཀྱི་འཐུས་མི་དང། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བློན་ཆེན་གཞོན་པ་ཧུའེ་ལིང་ཡུས་མྱུར་དུ་རི་ཉིལ་གྱི་དོན་རྐྱེན་བྱུང་སར་སོང་ནས་མྱུར་སྐྱོབ་ཀྱི་ལས་ཀར་བཀོད་འདོམས་དང། གནོད་འཚེ་ཐེབས་པའི་མི་མང་རྣམས་ལ་སེམས་གསོའི་འཚམ་འདྲི་བྱས་ཡོད་སྐོར་གྱི་གནས་ཚུལ་སྤེལ་འདུག
ཁུལ་དེར་རི་ཉིལ་བའི་དོན་རྐྱེན་ཚབས་ཆེན་བྱུང་བའི་ཁར། བདུན་ཕྲག་གཅིག་རིང་ཆར་པ་འབབ་མཚམས་མ་ཆད་པ་དང། ཆར་པ་འབབ་ཚད་ཧ་ཅང་མཐོ་བའི་རྐྱེན་གྱིས་རི་བསྐྱར་དུ་ཉིལ་བའི་ཉེན་ཁ་ཡོད་པ་མ་ཟད། ས་འོག་ཏུ་མནན་པའི་གྲོང་མི་དེ་དག་གསོན་པའི་རེ་བ་ཧ་ཅང་ཆུང་ཆུང་ཡིན་པའི་གནས་ཚུལ་སྤེལ་ཡོད་པ་རེད།།{jcomments on}