ནམ་ ཡང་ཞུམ་པ་མེད་པའི་སེམས་དཔའ་ཆེན་པོ།

 

ཁྱེད་ཀྱིས་བཞག་པའི་ཞབས་རྗེས་ཡོད་ཚད་མེ་ཏོག་འབོད་པའི་གཡབ་མོ་ཡིན།།
ཁྱེད་ཀྱིས་རྨིས་པའི་རྨི་ལམ་ཡོད་ཚད་བདེ་ལྡན་ཞིང་གི་དགོད་སྒྲ་ཡིན།།
ཁྱེད་ཀྱིས་རྒྱུས་པའི་རི་ཀླུང་ཡོད་ཚད་དབྱར་གཞུང་སྤང་གི་ལང་ཚོ་ཡིན།།
ཁྱེད་ཀྱིས་རྩོད་པའི་གླེང་གཞི་ཡོད་ཚད་ཀུན་སྙོམས་བདེ་དགའི་གླུ་སྒྲ་ཡིན།།