མ་འོངས་བཀའ་ཁྲིའི་ཚོད་ལྟའི་འོས་བསྡུ་དང་རེ་བ།

vote 7 th july 2བོད་མི་བུད་མེད་ལྷན་ཚོགས་ཀྱིས་དེ་རིང་རྒྱ་བལ་གཉིས་དང། དེ་མིན་ཕྱི་རྒྱལ་ཁག་སོགས་ས་གནས་༤༠ ཙམ་གྱི་ནང་ཚོད་ལྟའི་འོས་བསྡུ་དེ་གོ་སྒྲིག་བྱས་ཡོད་པ་རེད།
སྐབས་དེར་“ཚོད་ལྟའི་འོས་བསྡུའི་སྐབས་ཀྱི་མཐོང་སྣང་དང། མ་འོངས་པར་བཀའ་བློན་ཁྲི་པ་སུ་ལ་རེ་བ་བྱེད་ཀྱི་ཡོད་མེད་”འོས་བླུགས་མཁན་ཁག་ཅིག་ལ་སྐད་ཆ་དྲིས་པ་ཡིན།  ༡ ཚོད་ལྟ་འོས་བླུགས་མཁན་གཅིག་གིས། “ཚོད་ལྟའི་འོས་བསྡུ་དེ་གལ་ཆེན་པོ་རེད། རང་བཙན་ལག་དེབ་དགོས་པ་དང་འོས་བསྡུའི་དེབ་སྐྱེལ་དགོས་པ་སོགས་འགྲོ་སྟངས་ཕན་ཐོགས་ཡོད་པ་རེད། དེ་བཞིན་འོས་བླུགས་ས་མངོན་གསལ་མེད་པས། མི་མང་གིས་འོས་སུ་བླུགས་དགོས་མ་ཤེས་པའི་དཀའ་ངལ་ཡོད་པ་རེད། མི་སུ་ལ་འོས་བླུགས་དགོས་པ་དེ་གསལ་པོ་ཆགས་རྒྱུར་ཕན་ཐོགས་ཡོད་པ་རེད། འོས་སུ་ལ་ཐོབ་ད་ལྟ་འདེམས་ཀ་གཉིས་མ་གཏོགས་མེད་པ་ལྟ་བུ་རེད། བསྟན་འཛིན་རྣམ་རྒྱལ་དང། བློ་བཟང་སེང་གེ་གཉིས་རེད། དེ་གཉིས་སུ་ལ་འོས་ཐོབ་མི་མང་གིས་ལྟ་རྒྱུ་རེད་”ཅེས་བརྗོད་སོང།

vote 7 th july 3༢ གཅིག་གིས། “སྤྱི་ཚོགས་སྤྱིའི་ཆ་ནས་ཆོལ་ཁ་དང་ཆོས་ལུགས་ཀྱི་དབྱེ་འབྱེད་མེད་པ་ལྟ་བུ་མཐོང་སོང། ཡིན་ནའང་མི་ཁ་ཤས་ཀྱིས་ཆོལ་ཁ་དང་ཆོས་ལུགས། སོ་སོའི་ལུང་ཚན་སོགས་དབྱེ་འབྱེད་བྱེད་མཁན་ཡོད་པ་རེད། མ་འོངས་པའི་བཀའ་བློན་ཁྲི་པ་དེ་བློ་བཟང་སེང་གེ་ལ་ཐོབ་ས་རེད། ཁོང་ལ་ཆ་རྐྱེན་དང་སློབ་སྦྱོང་ཚང་མ་ཡག་པོ་ཡོད་པ་རེད་”ཅེས་བརྗོད་སོང།

༣ གཅིག་གིས། “ཚོད་ལྟའི་འོས་བསྡུའི་སྐོར་ལ་ངས་ཆེན་པོ་ཤེས་ཀྱི་མི་འདུག ཡིན་ནའང་སྔོན་དང་མ་འདྲ་བའི་འོས་བསྡུ་དེ་ཚགས་ཚུད་པོ་ཡོང་ས་རེད་བསམ་གྱི་འདུག མ་འོངས་པའི་བཀའ་བློན་ཁྲི་པ་དེ་ད་ལྟའི་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་ལ་ཐོབ་རྒྱུར་རེ་བ་བྱེད་ཀྱི་ཡོད། ཁོང་ལ་ཤེས་འཇོན་གཉིས་ཀ་འདུག་འདུག་”ཅེས་བརྗོད་སོང།

༤ གཅིག་གིས། “ཚོད་ལྟའི་འོས་བསྡུ་འདིས་མི་ཚང་མར་གོ་རྟོགས་སད་རྒྱུར་ཕན་ཐོགས་འདུག མ་འོངས་པའི་བཀའ་བློན་ཁྲི་པ་དེ་ང་རང་གི་རེ་བ་ཆེ་ཤོས་བཀའ་ཟུར་བློ་བཟང་སྙན་གྲགས་ལགས་ཡིན་མོད། ཁོང་ལ་རེ་བ་ཞེ་དྲག་མེད་པ་ལྟ་བུ་འདུག ད་དུང་གསལ་པོ་མི་འདུག དེའི་རྗེས་ནས་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་དང། མཁས་དབང་བློ་བཟང་སེང་གེ་གཉིས་གང་རུང་ཞིག་ལ་རེ་བ་བྱེད་ཀྱི་ཡོད། ཁོང་གཉིས་ལ་ཁྱད་ཆོས་རེ་ཡོད་པ་རེད་”བརྗོད་སོང།

༥ གཅིག་གིས། “འོས་བསྡུའི་ཚོད་ལྟ་འདིས་ཁོར་ཡུག་ཅིག་སྐྲུན་གྱི་ཡོད་པ་རེད། ང་རང་ལ་མཚོན་ན་དེ་སྔོན་འོས་བླུགས་མྱོང་མེད་མོད། འོས་བླུགས་ན། མང་གཙོའི་བྲོ་བ་ལྟ་བུ་དེ་མྱོང་ཐུབ་ཀྱི་རེད། དེ་གལ་ཆེན་པོ་རེད། ད་ལྟ་ཁྱབ་བསྒྲགས་ནང་ཤུགས་ཆེ་ཤོས་མི་གཉིས་མ་གཏོགས་མི་འདུག བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་དང། བློ་བཟང་སེང་གེ་རེད། ངས་བསྟན་འཛིན་རྣམ་རྒྱལ་ལགས་ཀྱི་སྐོར་ཞེ་དྲག་ཤེས་ཀྱི་མེད། བློ་བཟང་སེང་གེ་སྐོར་གང་འཚམས་ཤེས་ཀྱི་ཡོད་པས། ངས་བློ་བཟང་སེང་གེ་ལ་རེ་བ་བྱེད་ཀྱི་ཡོད། སྤྱིར་བཏང་ཚང་མས་མི་དེ་གཉིས་ཀྱི་སྐོར་ལ་ཉམས་ཞིབ་ཅུང་བྱེད་ཐུབ་ན་ཕན་ཐོགས་ཡོང་གི་རེད་”ཅེས་བརྗོད་སོང།

{jcomments on}