མེ་སོར་དུ་འཁྲུང་སྐར་སྲུང་བརྩི།

barth dan belbkobཐོག་མར་དཀར་ཕྱོགས་སྐྱོང་བའི་ལྷ་སྲུང་བསང་གསོལ་གྱིས་བསྟོད་ཅིང་ལྟ་རྒྱལ་འཐེན། འཕགས་བོད་གཉིས་ཀྱི་རྒྱལ་དར་བསྒྲེངས་ཏེ། རྒྱལ་གླུ་ལེན་བཞིན་སྐུའི་འཁྲུང་སྐར་གྱི་མཛད་སྒོ་དངོས་སུ་འགོ་འཛུགས་ཞུས་སོང་། ལུགས་བསམ་ས་གནས་འགོ་འཛིན་དོན་གྲུབ་བཀྲིས་ལགས་ཀྱིས་མགོན་པོ་གང་གི་མཛད་རྣམ་སྙིང་བསྡུས་དང་བཅས་མཛད་སྒོ་ངོ་སྤྲོད་གནང་བ་དང་། བདེ་སླར་ས་གནས་འགོ་འཛིན་ཕུན་ཚོགས་ཚེ་རིང་ལགས་ཀྱིས་བཀའ་ཤག་གི་གསུང་འཕྲིན་སྒྲོགས་སྦྱང་གནང་།  སྐུ་མགྲོན་གཙོ་བོ་མེ་སོར་རྫོང་དཔོན་སྐུ་ཞབས་ཧར་ཤུ་གྷུབ་ཏ་ལགས་དང་མེ་སོར་བོད་ཀྱི་ས་གནས་ཁྲིམས་ཞིབ་པ་སོགས་རེད་འདུག སྦེལ་ཀོབ་ལྷ་མོ་ཚོགས་པས་གཟུགས་ཀྱི་ཉི་མའི་རྣམ་ཐར་གཟིགས་མོར་ཕུལ་བ་དང་། དེ་བཞིན་སློབ་གྲྭ་ཁག་གིས་གཞས་དང་ཞབས་བྲོས་༸གོང་ས་མཆོག་གི་སྐུའི་འཁྲུང་སྐར་ལ་ཧ་ཅང་གྲ་རྒྱས་པོ་སྲུང་བརྩི་ཞུས་སོང་།

ཉིན་མོ་འདིར་སེར་སྐྱ་མི་མང་སྟོང་ཕྲག་གསུམ་ཙམ་འདུ་འཛོམས་ཡོད་པ་དང་། གོ་སྐབས་དེ་བསྟུན་ནས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་བཀའ་ཁྲིའི་ཚོད་ལྟའི་འོས་བསྡུ་དང་། ས་གནས་གཞོན་ལྷན་གྱིས་དམར་ཟས་སྤངས་པའི་མིང་རྟགས་བསྡུ་རུབ། བོད་ཀྱི་སྐད་ཡིག་རྒྱུད་འཛིན་ཚོགས་པས་བོད་སྐད་གཙང་མ་རྒྱག་རྒྱུར་མིང་རྟགས་བསྡུ་རུབ། ཀརྨ་བཀའ་རྒྱུན་དགོན་པས་ཁོར་ཡུག་གཙང་སྦྲའི་ཞེན་སྐུལ་གསལ་བསྒྲགས་སྐྱོང་བཞིན་འདུག་ལ། ས་གནས་གཞིས་ལས་ཁང་གཉིས་དང་སྦེལ་ཀོབ་བོད་མའི་རོ་ཊེ་རེ་སྤྱི་ཚོགས་བདེ་དོན་ཚོགས་པ་མཉམ་འབྲེལ་གྱིས་དེ་རིང་ནས་ཁོར་ཡུག་གཙང་སྦྲའི་ཆེད་འགྱིག་ཤོག་བེད་སྤྱོད་འགོག་རྒྱུའི་ལས་འགུལ་སྤེལ་བཞིན་འདུག དེ་བཞིན་ཧོན་སུར་རབ་རྒྱས་གླིང་གཞིས་ཆགས་སུ་ཡང་སེར་སྐྱ་མི་མང་གིས་༸སྐུའི་འཁྲུང་སྐར་སྲུང་བརྩིའི་དགའ་སྟོན་ཞུ་བཞིན་ཡོད་པ་དང་། བུད་མེད་ལྷན་ཚོགས་ནས་བཀའ་ཁྲིའི་ཚོད་ལྟའི་འོས་བསྡུ་བྱེད་ཀྱི་ཡོད་ཅེས་ས་གནས་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོས་གསུངས་བྱུང་། ད་དུང་ཀོ་ལེ་གྷལ་དོན་ལྡན་གླིང་གི་སེར་སྐྱི་མི་མང་རྣམས་ཀྱིས་ཀྱང་རྒྱལ་བའི་ཕོ་བྲང་འགྲམ་དུ་སྐུའི་འཁྲུང་སྐར་ལ་སྲུང་བརྩིའི་དགའ་སྤྲོ་བྱེད་ཀྱི་ཡོད་ཅེས་འབྲེལ་ཡོད་ནས་གནས་ཚུལ་མཁོ་སྤྲོད་བྱས་སོང་། མེ་སོར་གསར་འགོད་པས།{jcomments on}