མོན་གྷོ་རུ་འཁྲུངས་སྐར་སྲུང་བརྩི།

ཟླ་འདིའི་ཚེས་༦ ཉིན་གྱི་ཞོགས་པ་ནོར་བུ་རིའི་རྩེར་གྲྭ་ཚང་དང་གཞིས་གྲོང་ཁག་དགུའི་སེར་སྐྱ་མི་མང་མཉམ་འཛོམས་ཐོག་བསང་གསོལ་དང་རླུང་རྟ་བསྒྲེངས་འཛུགས་གྲུབ་རྗེས་ས་གནས་མི་མང་ཚོགས་ཁང་དུ་༧སྐུའི་འཁྲུངས་སྐར་གྱི་མཛད་རིམ་ཁག་དབུ་འཛུགས་གནང་ཡོད་པ་དང་།  སྐུ་མགྲོན་གཙོ་བོ་ས་གནས་འཕགས་བོད་མཛའ་འབྲེལ་ཚོགས་གཙོ་དང་ས་གནས་འཕགས་བོད་འབྲེད་མཐུད་ཚོགས་གཙོ་སོགས་མོན་གྷོ་ས་གནས་གནད་ཡོད་མི་སྣ་ཁག་དང། སྐྱབས་རྗེ་གླིང་རིན་པོ་ཆེ་དང་ཀུན་བདེ་གླིང་རིན་པོ་ཆེས་གཙོས་གྲྭ་ཚང་ཁག་གི་མཁན་ལས་ཟུར་རྣམ་པ་བཅས་ཕེབས་ཡོད་པ་དང།  ས་གནས་འགོ་འཛིན་དཔལ་ལྡན་དོན་གྲུབ་དང་སྤྱི་འཐུས་ཚུལ་ཁྲིམས་འོད་ཟེར་གཉིས་ནས་བཀའ་སྤྱི་གཉིས་ཀྱི་སྐུའི་འཁྲུངས་སྐར་དང་འབྲེལ་བའི་གསུང་འཕྲིན་སྒྲོགས་སྦྱང་གྲུབ་རྗེས་སུ་སྐུ་མགྲོན་རྣམ་པས་རིམ་བཞིན་དུས་ཆེན་དང་འབྲེལ་བའི་གསུང་བཤད་གནང་ཡོད་པ་རེད།  དེ་བཞིན་ཉིན་དེར་༧རྒྱལ་བའི་སྐུ་ཕྱྭའི་ཞབས་རིམ་ཆེད་ལྗོན་ཤིང་འདེབས་འཛུགས་སོགས་བྱས་ཡོད་པ་རེད། གཞན་ཡང་ཟུར་དུ་ས་གནས་བུད་མེད་ལྷན་ཚོགས་ནས་༢༠༡༡ལོའི་བཀའ་ཁྲིའི་ཚོད་ལྟའི་འོས་འདེམས་ཀྱི་ལས་གཞི་ཞིག་ཀྱང་སྤེལ་ཡོད་པ་རེད།། མོན་གྷོ་གསར་འགོད་པས།