ཆུ་ལོག་གི་གནོད་འཚེ་ལས་མི་༡༢ རྐྱེན་ལམ་དུ་ཤོར་བ།
ད་དུང་སྟོང་སྐོར་རྫོང་གི་གྲོང་སྡེ་ཁ་ཤས་ཀྱི་ལམ་དང་། འཕྲིན་གཏོང་གློག་སོགས་ཆད་པ་དང་། གྲོང་མིའི་ཁང་པ་ཁ་ཤས་གཏོར་སྐྱོན་ཐེབས་པ་མ་ཟད། ཁང་པ་མང་པོ་ཞིག་གི་ནང་དུ་ཆུ་འཛུལ་བ་དང། དེ་བཞིན་ཞིང་ཁའི་ནང་ལོ་ཏོག་ལ་ཡང་གནོད་སྐྱོན་ཆེན་པོ་ཐེབས་ཡོད་པ་རེད། མཚོ་བོད་ལྕགས་ལམ་དང་རྒྱལ་ལམ་གསུམ་གཅིག་ལྔ་སྟོང་སྐོར་ས་མཚམས་དུའང་གནོད་འཚེ་ཐེབས་པ་དང་། ཟི་ལིང་ནས་སྟོང་སྐོར་བར་གྱི་རིམ་པ་དང་པོའི་གཞུང་ལམ་དང་རྒྱལ་ལམ་གཅིག་ཐིག་དགུའི་ལམ་མཚམས་ཁ་ཤས་ཆུས་ཁྱེར་ཡོད་པ་རེད། སྟོང་སྐོར་རྫོང་སྲིད་གཞུང་གིས་ཆེས་ཐོག་མར་བསྡོམས་རྩིས་བྱས་པ་ལྟར་ན། ཐེངས་འདིའི་ཆུ་ལོག་གིས་སྟོང་སྐོར་རྫོང་གི་གྲོང་སྡེ་ཉི་ཤུའི་འགྲིམ་འགྲུལ་ཆད་པ་དང་། གྲོང་པ་༦༧ གྱི་གློག་ཆད་ལ། གྲོང་པ་དགུའི་ཆུ་ཆད་པ། ཁྱིམ་ཚང་དགུའི་ཁང་པར་གཏོར་སྐྱོན་བྱུང་ཞིང་ཁང་པ་༧༧ བརྡིབས་པའི་གནས་ཚུལ་བྱུང་འདུག
ཡང་ཟླ་འདིའི་ཚེས་༧ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་༤ དང་སྐར་མ་༡༠ ཡས་མས་སུ། སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་འཛམ་ཐང་རྫོང་དུ་མཐོང་དཀོན་པའི་དྲག་ཆར་བབས་པ་དང་། སྐར་མ་སུམ་ཅུ་ཡས་མས་སུ་འབབ་རྒྱུན་མ་ཆད་ཅིང། དྲག་ཆར་བབས་པས་ཆུ་རགས་མང་པོར་སེར་ཁ་གས་ཤིང་། རྫོང་མཁར་གྱི་གཞུང་ལམ་གྱི་རྨང་གཞིར་གནོད་པ་ཐེབས་ཡོད། དྲག་ཆར་དེས་ཁྱིམ་ཚང་༩ དང་མི་༤༦། ལས་ཁུངས་༩ བཅས་ལ་ཚད་གཞི་མི་འདྲ་བའི་གནོད་པ་ཐེབས་པས། རྒྱ་སྒོར་ཁྲི་བརྒྱད་ལ་ཉེ་བའི་དཔལ་འབྱོར་གྱི་གྱོང་གུད་བཟོས་འདུག་ཅིང། འོན་ཀྱང་མི་སྣ་ཤི་རྨས་སོགས་ཀྱི་གནས་ཚུལ་བྱུང་མེད་པའི་གནས་ཚུལ་ཐོན་ཡོད་པ་རེད།།
{jcomments on}