གསལ་བསྒྲགས།
ལྗགས་ལུང་གནང་བར་ཇི་ལྟར་གསོལ་བ་བཏབ་པ་བཞིན། སྤྱི་ལོ་ཉིས་སྟོང་དགུའི་ནང་ཟླ་བ་གཅིག་ལྷག་རྒྱ་གར་ལྷོ་ཕྱོགས་མོན་གྷོ་དཔལ་ལྡན་བཀྲ་ཤིས་སྒོ་མང་གྲྭ་ཚང་གི་གཙུག་ལག་ཁང་གསར་པའི་ནང་མགོན་པོ་མཆོག་གང་ཉིད་ཀྱི་ཞལ་སྔ་ནས་གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེ་དཔལ་བཟང་པོའི་གསུང་འབུམ་པོད་བཅིུག་བཞུགས་ཡོད་པའི་ནང་ནས་པོད་ཀ༽ པ་ནས་ཉ༽ པའི་དབུ་བར་ལྗགས་ལུང་ཟབ་མོ་བཀའ་དྲིན་བསྐྱངས་ཟིན་པ་དང༌། འདི་ལོའི་དབྱར་གནས་རིང་ཕྱི་ཟླ་ ༧ ཚེས་ ༢༧ ནས་ཟླ་བ་གཅིག་གི་རིང་དེའི་ལྷག་འཕྲོ་རྣམས་སླར་དཔལ་ལྡན་བཀྲ་ཤིས་སྒོ་མང་གྲྭ་ཚང་དུ་གྲྭ་ཚང་རང་གིས་རྒྱབ་སྐྱོར་བླ་ན་མེད་པའི་ཐོག་གནང་གཏན་འཁེལ་སོང་བ་ལགས་ན། དེ་ལུགས་ཆོས་ཞུ་བ་དོན་གཉེར་ཅན་རྣམས་ཀྱི་དགོངས་མངའ་འཚལ།
ཞེས་དགེ་ལྡན་ཕ་ཆོས་བུ་ཆོས་གཅེས་སྐྱོང་ཁང་ནས་སྤྱི་ལོ་༢༠༡༠ ཟླ་༦ ཚེས༣༠ ལ།
Contracts:-
Geden Pacho Bhucho Preservation Centre
Gangchen Kyishong
Dharamsala Pin-176 215
District Kangra HP India
Tel: +91- 1892-226601 or 228261
www.gedenphachobhucho.org
DrepungGomang
Administrative office p.o Tibetan Colony-581411 Mundgod
Dist.North Karnataka State, INDIA
Ph: 91-8301-245619,246084
Fax:91-8301-245697
Email:gomangoffice@yahoo.com