འཛམ་གླིང་རྐང་སྤོལ་གྱི་མཐའ་མའི་འགྲན་སྡུར་སླེབས་ལ་ཉེ་བ།

ཟླ་འདིའི་ཚེས་༢ དང་༣ ཉིན་གཉིས་ཀྱི་རིང་མཐའ་མའི་འགྲན་སྡུར་ཐེངས་དང་པོ་བྱས་ཤིང། དེའི་ཁྲོད་དུ་ཚུད་པ་རྒྱལ་ཁབ་༨ ཡོད་པའི་ནང་ནས་རྒྱལ་ཁ་ཐོབ་མཁན་གྱི་རྒྱལ་ཁབ་བཞི་ནི། ནེ་དྷར་ལན་ཌི་དང། ཡུ་རུ་གྷུའེ། འཇར་མན། སི་པན་བཅས་དང། ཤོར་མཁན་རྒྱལ་ཁབ་བཞི་པོ་ནི། བྷིར་རྫིལ། གྷ་ན། ཨར་རྗན་ཊི་ན། ཕ་ར་གྷུའེ་བཅས་ཡིན་པ་རེད།

ཚེས་༦ དང་༧ ཉིན་གཉིས་ཀྱི་རིང་མཐའ་མའི་འགྲན་སྡུར་ཐེངས་གཉིས་པ་དེ་བྱས་ཤིང། དེའི་ཁྲོད་དུ་ཉིན་དང་པོ་ཡུ་རུ་གྷུའེ་དང། ནེ་དྷར་ལན་ཌི་གཉིས་ཀྱི་དབར་འགྲན་སྡུར་བྱས་ནས་ནེ་དྷར་ལན་ཌིས་སྤོ་ལོ་གསུམ་བླུགས་པ་དང། ཡུ་རུ་གྷུའེ་ཡིས་སྤོ་ལོ་གཉིས་བླུགས་ནས་ནེ་དྷར་ལན་ཌི་ལ་རྒྱལ་ཁབ་ཐོབ། ཉིན་གཉིས་པར་འཇར་མན་དང། སི་པན་གཉིས་དབར་འགྲན་སྡུར་བྱས་ནས་སི་པན་གྱིས་སྤོ་ལོ་གཅིག་བླུགས་པ་དང། འཇར་མན་གྱིས་སྤོ་ལོ་གཅིག་ཀྱང་བླུགས་མ་ཐུབ་པས་སི་པན་ལ་རྒྱལ་ཁ་ཐོབ་ཡོད་པ་རེད།

footballnewsཟླ་འདིའི་ཚེས་༡༠ ཉིན་མཐའ་མའི་འགྲན་སྡུར་ཐེངས་གཉིས་པའི་སྐབས་སུ་ཤོར་བའི་ཡུ་རུ་གྷུའེ་དང། འཇར་མན་དབར་འགྲན་སྡུར་གྱིས་ཨང་གསུམ་པ་སུ་ལ་ཐོབ་མིན་གྱི་འགྲན་སྡུར་བྱེད་རྒྱུ་ཡིན་པ་དང། དེ་གཉིས་ནས་སུ་ལ་རྒྱལ་ཁ་ཐོབ་པ་དེར་འཛམ་གླིང་རྐང་རྩེད་སྤོ་ལོའི་འགྲན་སྡུར་ཁྲོད་ཀྱི་ཨང་གསུམ་པ་དེ་ཆགས་ཀྱི་ཡོད།

ཚེས་༡༡ ཉིན་ཆེས་མཐའ་མའི་འགྲན་སྡུར་བྱེད་རྒྱུ་ཡིན་པ་དང། འགྲན་སྡུར་བྱེད་མཁན་གཉིས་ནི། སི་པན་དང། ནེ་དྷར་ལན་ཌི་གཉིས་རེད། ཆེས་མཐའ་མའི་འགྲན་སྡུར་དེ་ནི་འཁྲུག་ཆ་དོད་ཤོས་དེ་ཡིན་པས་མི་རྣམས་ཀྱིས་རེ་སྒུག་ཆེན་པོ་བྱེད་ཀྱི་ཡོད་པ་རེད། མི་ཕལ་ཆེ་བས་སི་པན་ལ་འཐོབ་རྒྱུའི་ཚོད་དཔག་བྱེད་ཀྱི་ཡོད་པ་དེ་ནི། སི་པན་ནི་དེ་སྔོན་རྐང་སྦོལ་ལོ་རྒྱུས་ནང་དུ་སྙན་གྲགས་ཆེན་པོ་ཡོད་པ་མ་ཟད། ད་ལོའི་འགྲན་སྡུར་གྱི་བརྒྱུད་རིམ་ནང་དུའང་སྤྱོད་ལམ་སོགས་གང་ཅིའི་ཐད་མི་རྣམས་ཀྱིས་རེ་བ་ཤུགས་ཆེན་པོ་བྱེད་ས་ཞིག་ཏུ་གྱུར་ཡོད་ལ། ལྷག་པར་དུ་སི་པན་གྱིས་དེ་སྔོན་ཡུ་རོབ་བུམ་པའི་འགྲན་རྩོད་ནང་དུ་ཨང་དང་པོ་ལེན་མྱོང་ཡོད་པ་རེད།།

{jcomments on}