དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཞེས་བརྗོད་འདུག

སྐབས་དེའི་དྲིལ་བསྒྲགས་ཡིག་ཆའི་ནང།” ༧གོང་ས་མཆོག་སྐུ་ཚེ་ཡུན་དུ་བརྟན་པ་འདི་ནི་རྒྱ་བོད་མི་རིགས་གཉིས་ཀྱི་བདེ་སྐྱིད་ཡིན་པ་དང། ཁོང་ཚོ་འདིར་ཡོང་དོན་ནི། ༧གོང་ས་མཆོག་དགུང་གྲངས་༧༥ ལ་ཕེབས་པའི་སྐུའི་འཁྲུངས་སྐར་འཚམས་འདྲི་ཞུ་ཆེད་དང། དེ་བཞིན་འཁྲུངས་སྐར་གྱི་མཛད་སྒོར་དངོས་སུ་ཞུགས་ཐུབ་པས། ༧གོང་ས་མཆོག་གིས་བཟོ་པ་ཚོགས་པའི་སྐུ་ཚབ་རྣམས་དང་། ལྷག་དོན་སྐམ་ས་ཆེན་མོ་ནས་ཡོང་བའི་སྐུ་ཚབ་ཚོར་དམིགས་བསལ་དགྱེས་གཟིགས་གནང་བྱུང་ལ།  འཁྲུངས་སྐར་གྱི་ཉིན་རྗེས་མར་༧གོང་ས་མཆོག་གིས་མཇལ་ཁ་གནང་བ་དང་བསྟུན་ནས། རྒྱ་ནག་སྐམ་ས་ཆེན་མོ་དང་ཐེ་ཝན། དེ་མིན་རྒྱལ་ཁབ་ཁག་ནང་ཡོད་པའི་ཚོགས་པའི་ཚོགས་མི་ཚོའི་ཚབ་ཞུས་ནས། ༧གོང་ས་ལ་ལག་རྟགས་ཕུལ་པ་དང་སྐུ་ཚེ་ཡུན་དུ་བརྟན་པའི་སྨོན་འདུན་ཞུས་ཡོད་”ཅེས་འཁོད་འདུག

janang 2ཡང་དེའི་ནང། “མཇལ་ཁའི་སྐབས་༧གོང་ས་མཆོག་གིས་རྒྱ་ནག་ནང་ཡོད་པའི་བཟོ་པ་ཚོར་ཐུགས་འཁུར་ཆེན་པོ་གནང་གི་འདུག་ལ། ད་ལྟའི་སྐབས་བཟོ་པ་ཚོར་བཤུ་གཞོག་བྱེད་པའི་དཀའ་ངལ་འདི་སེལ་ཐུབ་པའི་ཐུགས་འདུན་དང། དཀའ་ངལ་འདིའི་རིགས་སེལ་ཐུབ་ན། གཞི་ནས་འཆམ་མཐུན་གྱི་སྤྱི་ཚོགས་ཤིག་ཏུ་འགྱུར་གྱི་རེད་གསུངས་བྱུང་ལ། དེ་བཞིན་༧གོང་ས་མཆོག་གིས་ནན་བརྗོད་གནང་བ་གཅིག་ནི། འཆམ་མཐུན་གྱི་སྤྱི་ཚོགས་ཟེར་བ་ནི་ཧ་ཅང་རྩ་ཆེན་པོ་ཡིན་པ་དང། དེའང་གཙོ་བོ་སེམས་ནང་གི་ཡིད་ཆེས་སོགས་ལ་བརྟེན་ནས་ཡོང་དགོས་པ་ལས། དྲག་གནོན་དང་བཙན་གནོན་འོག་ནས་ཡོང་གི་མ་རེད་གསུངས་བྱུང་བ་དེ་ནི་དངོས་ཡོད་རེད། ད་ལྟའི་སྐབས་རྒྱ་ནག་ནང་མི་དབུལ་པོ་ཚོས་ཉིན་རེའི་ཟས་མི་རག་པའི་དཀའ་ངལ་དང་། འབྱོར་ལྡན་ཚོ་མཚན་མོ་གཉིད་མི་ཁུག་པའི་དཀའ་ངལ་འོག་ཏུ་ཚུད་ཡོད་པ་རེད། དེ་བཞིན་རྒྱ་ནག་མི་མང་གི་སེམས་ནང་དད་པའི་རྩ་བ་མེད་པའི་དཀའ་ངལ་ཡང་འཕྲད་བཞིན་ཡོད་པས། ང་ཚོས་༧གོང་ས་མཆོག་ལ། ཐེངས་རྗེས་མའི་རྒྱ་བོད་གཉིས་ཀྱི་གྲོས་མོལ་སྐབས་སྔོན་འགྲོའི་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་གནང་དགོས་པ་དང། གང་ཡིན་ཞེ་ན་ད་ལྟའི་སྐབས་བོད་མི་མང་དང་རྒྱ་ནག་མི་མང་ལ། ༧གོང་ས་མཆོག་བོད་དུ་ཕེབས་ཐུབ་རྒྱུ་ནི་ཧ་ཅང་གལ་ཆེན་པོ་ཆགས་འདུག་ཅེས་ཞུས་ཡོད་”ཅེས་འཁོད་འདུག

དྲི་བ་དྲིས་ལན་སྐབས། དབུ་མའི་ལམ་གྱི་དགོངས་དོན་ནི་རྒྱ་བོད་གཉིས་ཀར་ཕན་ཐོགས་ཆེན་པོ་ཡོད་པ་དང། འདས་པའི་ལོ་རྒྱུས་མི་རྩོད་པར་མ་འོངས་པ་གལ་ཆེན་འཛིན་པའི་སྲིད་བྱུས་དེ་ནི་དུས་ལ་འཚམས་པ། དེ་བཞིན་རྒྱ་ནག་གིས་བོད་མི་ཚོས་བོད་རང་བཙན་རྩོད་ཀྱི་འདུག བོད་མི་ཚོ་ཁ་བྲལ་བ་རེད་ཟེར་ནས་བརྗོད་བཞིན་ཡོད་པ་དེ་ནི། སྐྱོན་བརྗོད་བྱེད་སའི་གཞི་རྩ་མེད་པས་དེ་ལྟར་མ་བརྗོད་རང་བརྗོད་རེད་ཅེས་དང། ང་ཚོས་༧གོང་ས་མཆོག་གི་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་རྒྱུ་ཡིན་ཞེས་བརྗོད་སོང།

ད་དུང་བཀའ་ཁྲི་མཁས་དབང་ཟམ་གདོང་རིན་པོ་ཆེ་དང། བོད་གཞུང་གི་གནད་ཡོད་མི་སྣ་ཚོ་དང་ཐུག་འཕྲད་ཀྱིས་བསམ་ཚུལ་བརྗེ་རེས་ཞུས་ཡོད་འདུག

{jcomments on}