བལ་ཡུལ་དུ་༧གོང་ས་མཆོག་ཆིབས་བསྒྱུར་ཡོང་བའི་སྐྱབས་འཇུག
དེང་སྐབས་འཚེ་མེད་ཞི་བདེ་ཁྱབ་སྤེལ་དང། ཉམས་ལེན་གནང་མཁན་༧གོང་ས་མཆོག་ལས་ལྷག་ཅིག་མེད་པས། བལ་ཡུལ་གཞུང་གིས་༧གོང་ས་མཆོག་གནས་མཆོག་ལུམྦི་ནི་རུ་ཆིབས་བསྒྱུར་གྱི་ཁོར་ཡུག་བསྐྲུན་དགོས་པའི་སྐྱབས་འཇུག་ཡང་ཞུས་ཡོད་པ་རེད། དེ་སྔོན་ཡང་འདི་ལོའི་ཕྱི་ཟླ་༨ ནང་བལ་ཡུལ་ལུམྦི་ནི་རུ་ཚོགས་འཆར་གྱི་ནང་པའི་ལྷན་ཚོགས་དེའི་ཐོག་༧གོང་ས་མཆོག་ཆིབས་བསྒྱུར་དགོས་པའི་སྐྱབས་འཇུག་ཞུས་ཡོད་པ་རེད།།
{jcomments on}