དབུས་གཞོན་ནུའི་ཚོགས་གཙོ་བསྐོར་བསྐྱོད།
དེ་ཡང་ཟླ་བ་སྔོན་མའི་ཚེས་༡༩ ནས་འགོ་འཛུགས་ཉིན་གྲངས་བཅུ་ལྷག་ཙམ་གྱི་རིང་ལ། དབུས་གཞོན་ལྷན་གྱི་ཚོགས་གཙོ་མཆོག་གིས་ཁེ་ན་ཌར་བསྐོར་བསྐྱོད་གནང་བ་བསྟུན་ནས། ས་གནས་དེར་ལྷན་འཛོམས་གནང་བའི་ཨ་རི་དང་། པཱོ་ལན་ཌི་སོགས་ས་ཁུལ་ཁག་གི་གཞོན་ལྷན་གྱི་འཐུས་མི་ཁག་དང་ལྷན་དུ། བོད་རང་བཙན་གྱི་ལས་འགུལ་སྤེལ་ཕྱོགས་ལ་བསྐྱར་ཞིབ་དང། མི་མང་ལ་སླེབས་ལ་ཉེ་བའི་བཀའ་སྤྱི་འོས་བསྡུའི་གོ་རྟོགས་སྤེལ་ཐབས། དེ་བཞིན་འབྱུང་འགྱུར་གྱི་འཐབ་རྩོད་རྣམས་ཚད་མཐོ་རུ་གཏོང་ཐབས་བཅས་ཀྱི་སྐོར་ལ་གྲོས་མོལ་གནང་ཡོད་པ་དང་། གྲོས་མོལ་མཇུག་བསྡུས་སྐབས་ཡུལ་དེའི་ཕྱི་སྲིད་བློན་ཆེན་གཞོན་པ་དང་། འབྲེལ་ཡོད་བོད་དོན་རྒྱབ་སྐྱོར་བ་སོགས་ངོ་བཅར་གནང་ནས་བོད་དོན་སྐོར་ལ་གསུང་བཤད་གནང་ཡོད་པ་རེད།
ཚོགས་གཙོ་ཚེ་དབང་རིག་འཛིན་གྱིས་བོད་དེ་རྒྱ་ནག་གིས་ཁྲིམས་འགལ་གྱི་ཐོག་བཙན་བཟུང་བྱས་ཡོད་པ་དང། ད་ལྟའི་སྐབས་བོད་ནང་ཡོད་པའི་བོད་རིགས་ཚོར་འགྲོ་བ་མིའི་ཐོབ་ཐང་མེད་པས། བོད་དོན་རྒྱབ་སྐྱོར་བ་ཚོས་ངེས་པར་དུ་བོད་ནང་གི་དཀའ་ངལ་སེལ་ཆེད་དུ་རྒྱབ་སྐྱོར་གནང་དགོས་པའི་འབོད་སྐུལ་ཞུས་པར། ཚོགས་བཅར་གནང་བའི་བོད་དོན་རྒྱབ་སྐྱོར་བ་དང་ཡུལ་དེའི་ཆབ་སྲིད་ཚོགས་པ་ཆེ་ཁག་གི་འཐུས་མི་བཅས་ཀྱིས། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་བོད་ཀྱི་གནད་དོན་ཐད་ལ་མུ་མཐུད་ནས་རྒྱབ་སྐྱོར་གནང་རྒྱུ་ཡིན་པའི་ཁས་ལེན་བྱས་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད།།
{jcomments on}