རྒྱལ་སྤྱིའི་ཐོག་བོད་ཐད་ཀྱི་ལྟ་ཚུལ་ལ་ཕྱོགས་རིས་འདུག་ཟེར།

འཐུས་ཚབ་ཚོགས་པ་ཉི་ཧོང་དུ་འབྱོར་བ་དང་ཐོག་མར་ཏུང་ཅིང་གི་རྒྱ་མིའི་སྤྱི་ཁྱབ་ཚོགས་པའི་ཚོགས་གཙོ་ལིའོ་ཡ་ཡན་ཐུག་འཕྲད་སྐབས། ཤེས་རབ་ཉི་མས་འཐུས་ཚབ་ཚོགས་པ་འདི་ནི་དུས་ཡུན་རིང་བོར་བོད་རིག་པར་ཞིབ་འཇུག་གནང་བཞིན་པའི་ཆེད་མཁས་པ་དང་སྤྲུལ་སྐུས་གྲུབ་ཡོད་ཅིང་། ཐེངས་འདིར་ཉི་ཧོང་ལ་ཡོང་དོན་ནི་ཉི་ཧོང་གི་ལས་རིགས་ཁག་སོ་སོ་དང་བསམ་བློ་བརྗེ་རེས་དང་ཕན་ཚུན་འབྲེལ་འདྲིས་བྱེད་རྒྱུ་དང་། བོད་ལྗོངས་འཕེལ་རྒྱས་ཀྱི་གནས་ཚུལ་རྣལ་མ་ཞིག་ངོ་སྤྲོད་བྱེད་པའི་ཆེད་དུ་ཡིན་ཞེས་བརྗོད་ཡོད་པ་རེད།

ཏུང་ཅིང་གི་རྒྱ་མིའི་སྤྱི་ཁྱབ་ཚོགས་པའི་ཚོགས་གཙོ་ལིའོ་ཡ་ཡན་གྱིས། དེང་རྒྱལ་སྤྱིའི་སྟེང་ལས་རིགས་ཁག་སོ་སོས་བོད་ལྗོངས་ལ་ཐུགས་ཁུར་ཆེན་པོ་གནང་བཞིན་ཡོད་ནའང་། ཁོང་ཚོའི་བོད་ལྗོངས་ཐད་ཀྱི་ལྟ་བར་ཕྱོགས་རིས་ཆེ་བས།  འཐུས་ཚབ་ཚོགས་པས་ཐེངས་འདིའི་འབྲེལ་འདྲིས་བརྒྱུད་ཕྱི་རྒྱལ་བ་སྔར་ལས་མང་པོ་ཞིག་ལ་བོད་ལྗོངས་ཀྱི་འཕེལ་རྒྱས་གནས་ཚུལ་ཤེས་སུ་འཇུག་རྒྱུའི་རེ་བ་ཞུ་རྒྱུ་དང་། དུས་མཚུངས་སུ་འཐུས་ཚབ་ཚོགས་པའི་བྱེད་སྒོ་ཁག་བདེ་བླག་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་བརྗོད་འདུག

བོད་ལྗོངས་ཀྱི་བོད་རིག་པ་བ་དང་སྤྲུལ་སྐུའི་འཐུས་ཚབ་ཚོགས་པ་དེས། ཉིན་ལྔའི་རིང་འཚམས་འདྲི་བྱེད་རྒྱུ་ཡིན་འདུག་ལ། ཉི་ཧོང་གི་ས་ཁུལ་གསུམ་དུ་བསྐྱོད་ནས་ཡུལ་དེའི་ཆབ་སྲིད་ལས་རིགས་དང་། ཆོས་ལུགས་ལས་རིགས། གསར་འགྱུར་ཚན་པ་དང་། དེར་ཡོད་པའི་རྒྱ་ནག་གི་སློབ་མ་སོགས་ལ་དང་བགྲོ་གླེང་དང་བསམ་ཚུལ་བརྗེ་ལེན་བྱེད་རྒྱུ་དང། ཚེས་༡༨ ཉིན་ལྷོ་ཀོ་རི་ཡ་རུ་བསྐྱོད་འཆར་ཡོད་འདུག །

{jcomments on}