བུད་མེད་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས།
ཉིན་དང་པོའི་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་བཀའ་ཟུར་ཀིརྟི་རིན་པོ་ཆེ་ཕེབས་ནས། བོད་ཀྱི་བུད་མེད་རྣམས་ཀྱིས་ད་བར་སྤྱི་ཚོགས་ནང་འགན་ཁུར་སྣེ་ཁྲིད་ཀྱིས་ལས་དོན་མང་པོ་བྱས་ཡོད་སྐོར་ལ་བསྔགས་བརྗོད་གནང་བ་དང། བུད་མེད་ནི་རྒྱལ་ཁབ་ཀྱི་ཨ་མ་ཡིན་པས། མ་འོངས་པར་ཡང་བོད་པའི་སྤྱི་ཚོགས་དེ་ནུས་པ་ལྡན་པ་ཞིག་བཟོས་དགོས་སྐོར་དང། ཡ་རབས་བཟང་སྤྱོད་སོགས་རྒྱུན་འཛིན་ཡོང་ཐབས་ལ་ཤུགས་སྣོན་རྒྱག་དགོས་དགོས་སྐོར་གྱི་ལམ་སྟོན་གསུང་བཤད་གནང་ཡོད་པ་རེད།
འགན་འཛིན་ལྷན་ཚོགས་དེ་ཉིན་ལྔའི་རིང་འཚོག་གི་ཡོད་པ་དང། བོད་ཀྱི་བུད་མེད་ཚོས་སྤྱི་ཚོགས་ནང་ཆབ་སྲིད་དང། བོད་དོན་ལས་འགུལ། བོད་ནང་གི་བུད་མེད་ཚོའི་གནས་བབས་ཤེས་རྟོགས་ཐུབ་ཆེད། བུད་མེད་ཀྱི་ནུས་ཤུགས་སྤེལ་ཐབས། བཀའ་ཁྲི་དང་སྤྱི་འཐུས་ཀྱི་འོས་གཞིའི་སྐོར། བཙན་བྱོལ་ནང་གི་བུད་ཉམ་ཐག་རིགས་ལ་རོགས་སྐྱོར་བྱེད་ཕྱོགས་སོགས་ལ་གོ་བསྡུར་བྱེད་ཀྱི་ཡོད་པ་རེད།།།
{jcomments on}