རླངས་འཁོར་གཙང་པོར་ཟགས་ནས་མི་༢༦ ཙམ་གར་སོང་མེད་པ།
སྤྱི་སྤྱོད་རླངས་འཁོར་དེ་རྔ་པ་འབར་ཁམས་ནས་ཁྲིན་ཏུའུ་གྲོང་ཁྱེར་འགྲོ་བའི་ལམ་བར་དཀར་མཛེས་ཁུལ་རོང་བྲག་རྫོང་ཁོངས་ཀྱི་གཙང་པོ་ཞིག་གི་གི་ནང་དུ་ཟགས་ཡོད་པར་བརྟེན། རྨས་མ་རྣམས་རོང་བྲག་རྫོང་གི་མི་མང་སྨན་ཁང་དུ་བསྐྱལ་ཡོད་འདུག
གར་སོང་མེད་པའི་མི་སྣ་༢༦ དེ་དག་གི་ཤི་གསོན་སྐོར་ཧྥ་རན་སིའི་གསར་འགོད་པ་ཞིག་གིས་འབྲེལ་ཡོད་མི་སྣར་བཅར་འདྲི་བྱས་སྐབས། དེའི་ལན་མ་བརྒྱབ་པར་འཚོལ་ཞིབ་ཀྱི་ལས་དོན་སྤེལ་བཞིན་པ་ཡིན་སྐོར་བརྗོད་ཡོད་འདུག སྤྱིར་གཙང་པོ་དེ་ནི་ཧ་ཅང་གཏིང་རིང་པོ་ཞིག་ཡིན་པས་གར་སོང་མེད་པའི་མི་སྣ་དེ་དག་གསོན་པའི་རེ་བ་ཕལ་ཆེར་མེད་པའི་གནས་སྟངས་ཆགས་ཡོད་པ་རེད།།
{jcomments on}