ཡ་རབས་བཟང་སྤྱོད་དང་ཤེས་ཡོན་གོང་མཐོར་གཏོང་དགོས།
ཚོགས་ཐོག་ཏུ་མོན་གྷོ་ས་གནས་གཞིས་འགོ་དང་ཤེས་ཡོན་ཚོགས་ཆུང་གི་ཚོགས་གཙོ་གཅིག་གཅོག་དཔལ་ལྡན་དོན་གྲུབ་གཙོས་ཤེས་ཡོན་ཚོགས་ཆུང་གི་ཚོགས་མི་དང། གཞིས་གྲོང་ཁག་གི་སྤྱི་མི་དང་སློབ་གྲྭ་ཁག་གི་སློབ་སྤྱི་བཅས་ཕེབས་ཡོད་པ་རེད། དེ་ཡང་གཞིས་འགོ་མཆོག་གིས་གསུང་དོན། ཚོགས་ཆུང་སོ་སོའི་དེ་སྔོན་ལོ་གཅིག་ནང་གི་ལས་འཆར་དེ་ཚོ་ཡག་པོ་ཡོད་ཀྱང་དེ་ཙམ་ལག་བསྟར་བྱེད་ཐུབ་མེད་ལ། ལས་བསྡོམས་ཀྱང་གཞིས་གྲོང་འགའ་ཤེས་ལས་སྤྲད་མ་སོང་། དེ་ཚོར་མང་ཕྱོགས་གཞིས་གྲོང་ཚོའི་སྤྱི་མི་བརྗེ་སྦོར་སྐབས་ཕན་ཚུན་གོ་བརྡ་ཡག་པོ་མ་སྤྲད་པས་འཐུས་ཤོར་དུ་སོང་བ་ལྟ་བུ་འདུག རྗེ་ཕྱོགས་དེ་འདྲ་མི་བྱེད་པར་ལས་འཆར་གང་ཡོད་པ་དེ་ལག་ལེན་བསྟར་ཐུབ་པ་བྱེད་རོགས། ང་ཚོའི་ཐོག་མར་ཤེས་ཡོན་ཚོགས་ཆུང་གསར་འཛུགས་བྱས་པའི་དམིགས་ཡུལ་དེ་༧གོང་ས་མཆོག་གི་དགོངས་གཞི་གཞིར་བཟུང་ཐོག་བོད་ཀྱི་སྐད་ཡིག་དང་ཡུལ་སྲོལ་གོམས་གཤིས་སོགས་སྲུང་སྐྱོབ་བྱེད་ཆེད་དུ་ཡིན། ང་ཚོས་གྲྭ་ཚང་ཁག་ལ་ཇི་ལྟར་གསོལ་བ་བཏབ་པ་བཞིན་ཁོང་རྣམས་ཀྱིས་ཀྱང། དགོངས་པ་ཆེ་བཞེས་ཀྱིས་ད་ལྟའི་ཆར་ནང་ཆོས་ངོ་སྤྲོད་གཙོ་བོར་རྒྱུར་པའི་སུམ་རྟགས་དང་རྒྱལ་རབས་ལོ་རྒྱུས་སོགས་ཀྱི་དགེ་རྒན་གཏོང་བཞིན་པ་འདིའི་གོ་སྐབས་དམ་འཛིན་བྱེད་དགོས་པ་རེད་མ་གཏོགས། གཞིས་ཆགས་གཞན་ལ་འདི་འདྲའི་གོ་སྐབས་མེད་པ་གསལ་བོ་རེད། ལས་འཆར་ཡིག་ཐོག་ཏུ་ཕབ་པ་ཙམ་མིན་པར་དོན་དངོས་སུ་ལག་བསྟར་ཐུབ་པ་བྱེད་རོགས་ཞེས་ལམ་སྟོན་བཀའ་སློབ་གནང་སོང་།།མོན་གྷོ་གསར་འགོད་པས།{jcomments on}