༧གོང་ས་མཆོག་གི་མཛད་འཕྲིན།

དེ་རྗེས་གནམ་ཐང་ནས་རྒྱང་ཐག་ཀི་ལོ་མི་ཊར་༥༠ ཙམ་གྱི་སར་ཡོད་པའི་བསམ་གཏན་གླིང་དགོན་པར་ཉིན་རྒྱབ་ཆུ་ཚོད་༢།༣༠ ཙམ་ལ་ཞབས་སོར་འཁོད་སྐབས་དགའ་ལྡན་ཁྲི་པ་རི་རྫོང་རིན་པོ་ཆེ་དང། བཙན་བྱོལ་བོད་གཞུང་བདེ་སྲུང་བཀའ་བློན། ས་གནས་འགོ་འཛིན་དང་རང་བདེན་ཚོགས་ཆུང་གི་ཚོགས་གཙོ། དེ་བཞིན་ལ་དྭགས་བོད་ཕྲུག་ཁྱིམ་སྡེའི་དབུ་འཛིན་དང། ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ་བཅས་ཀྱིས་ཕེབས་བསུ་ཞུས་པ་དང། ཐེངས་འདིར་༧གོང་ས་མཆོག་གིས་ཉིན་བདུན་ཙམ་གྱི་རང་གསུང་ཆོས་དང། བཀའ་སློབ་སློབ་གནང་རྒྱུའི་མཛད་འཆར་ཡོད་འདུག །