བོད་ཀྱི་གནའ་བོའི་དབྱངས་ཡིག་ཞིབ་འཇུག

tibetanmusicnotionརོལ་ཆས་མི་འདྲ་བའི་མ་ལག་གི་དབྱངས་རྟགས་ཀྱི་རྣམ་པ་དང་། དབྱངས་རྟགས་མི་འདྲ་བའི་མིང་གི་འདོགས་ཚུལ་དང་ནང་དོན། ལག་ལེན་ཁྲོད་ཀྱི་བཀོལ་སྤྱོད་རྩ་དོན་དང་བླང་བྱ་སོགས་གནད་འགག་རང་བཞིན་ལ་དབྱེ་ཞིབ་བྱས་ཏེ། མི་རབས་རྗེས་མ་རྣམས་ཀྱིས་བོད་བརྒྱུད་ནང་བསྟན་གྱི་རོལ་མོའི་དབྱངས་རྟགས་ལ་ཞིབ་འཇུག་བྱེད་པ་དང་། ཐ་ན་བོད་བརྒྱུད་ནང་བསྟན་གྱི་ཆོས་ལུགས་རོལ་དབྱངས་སྤྱི་ལ་སྒོ་ཀུན་ནས་ཞིབ་འཇུག་བྱེད་པར་རྨང་གཞི་བརྟན་པོ་བཏིངས་ཡོད།

《བོད་ཀྱི་གནའ་བོའི་དབྱངས་ཡིག་ཞིབ་འཇུག》 ཅེས་པར་ཕྱོགས་འགའ་ནས་བོད་ཀྱི་གནའ་བོའི་རོལ་མོའི་དཔེ་ཆར་དབྱེ་ཞིབ་ཞིབ་ཚགས་དང་གསལ་བཤད་གྲལ་དག་ཅིག་བྱས་ཡོད་ཅིང་། དེ་ནི་གཙོ་བོ་བོད་ཀྱི་ཕོ་བྲང་གི་གནའ་བོའི་རོལ་དབྱངས་ལ་ཐུགས་ཁུར་དང་ཤེས་རྟོགས་བྱེད་འདོད་ཡོད་པའི་ཤེས་ལྡན་པ་རྣམས་ཀྱིས་གནའ་བོའི་རོལ་མོའི་དབྱངས་རྟ་འདི་དང་དེར་བཀོད་པའི་གླུ་གཞས་རྣམས་ལ་ཕྱོགས་སོ་སོ་ནས་རྒྱུས་ལོན་བྱེད་དུ་འཇུག་ཆེད་དུ་ཡིན་པའི་སྐོར་བོད་ལྗོངས་ཆ་འཕྲིན་དྲ་བས་གནས་ཚུལ་སྤེལ་འདུག །

{jcomments on}